Skip to main content Skip to search
མཛེས་སྡུག་ལྡན་པའི་མ་ཕམ་ཀྱེ་མུ་རུ།། སྤྲོ་སྣང་ལྡན་པའི་ཤྭ་བ་ཆ་གཅིག་ཡོད།། གཅིག་ནི་དཔའ་རྒོད་ཕོ་གསར་ཞིག་དང་འདྲ།། གཅིག་ནི་ལང་ཚོ་རྫོགས་པའི་མཛེས་མ་འདྲ།། ཚེ་འདིར་མི་ཚེ་ལྷན་འཛོམས་བྱུང་བ་ནི།། དབུས་གཙང་ཡུལ་གྱི་དུང་དཀར་ཆ་གཅིག་དང་།། རྒྱ་ནག་ཡུལ་གྱི་དྲིལ་བུ་ཆ་འགྲིག་འདྲ།།