Skip to main content Skip to search
sman rtsis khang /
ID:
T153281
  • སྨན་རྩིས་ཁང (Tibetan, Tibetan script, Original)
    • >  sman rtsis khang / (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  mentsikhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1.

སྨན་རྩིས་ཁང་

2.

house of medicine and astronomy

3.

Mentsikhang in Lhasa. Department of Medicine and Astrology

4.

ལྷ་ས་སྨན་རྩིས་ཁང་ནི་རབ་བྱུང་བཅོ་ལྔ་པའི་མེ་འབྲུག (༡༩༡༦) ལོའི་ཟླ༩པའི་ནང་གསར་དུ་བཙུགས་ཤིང་། ཁང་པ་དབུས་མ་གཉིས་ཐོག་དང་། ཤག་ཁོར་ཐོག་གཅིག་མ། མདུན་ངོས་སུ་སྔོ་སྨན་འདེབས་འཛུགས་བྱེད་སའི་ལྡུམ་རྭ་སོགས་ཡོད། དེ་གར་བོད་སྨན་དང་། སྐར་རྩིས། སྙན་སུམ། སྒྲ་རིག་པ་སོགས་སློབ་གཉེར་བྱེད་ས་ཡིན་པ་དང་། ཐོག་མར་འཛུགས་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་བླ་སྨན་དངོས་གཞི་བྱམས་པ་ཐུབ་དབང་གིས་སྤྱི་ཁྱབ་དང་། མཁས་དབང་མཁྱེན་རབ་ནོར་བུས་དོ་དམ་པའི་འགན་བཞེས་ཤིང་། ལོ་འཁོར་གཏོང་གྲོན་དངུལ་འབབ་རྩེ་རྣམ་གན་དངུལ་བསྐྱེད་དོ་དམ་ནས་ཞུ་དགོས་པ་དང། དབུས་གཙང་། ལྷོ་ཁ། དྭགས་ཀོང་བཅས་ཀྱི་གཞིས་དགོན་ཁག་ནས་སྨན་རྩིས་སློབ་གསར་ཤེས་རིག་ལྡན་པའི་གྲྭ་གཞོན་སྐོང་བསྡུ་བྱས་ཆོག་པའི་འགན་དབང་ཡོད་པ་དང་། སློབ་མ་རྣམས་སྨན་རྩིས་དང་སྒྲ་རིག་པ་སོགས་ལ་སློབ་གཉེར་མཐར་ཕྱིན་བྱུང་རྗེས་སློབ་ཐོན་ལག་འཁྱེར་བླངས་ཏེ་རང་གནས་སུ་ལོག་སྲོལ་ཡོད། སྨན་རྩིས་ཁང་དུ་སྨན་དང་། རྩིས། སྒྲ་རིག་པ་སོགས་ཀྱི་དཔེ་ཆའི་པར་ཤིང་དང། སྨན་ཐང་སོགས་རིག་གནས་ཀྱི་སློབ་སྦྱོང་ལ་མཁོ་བའི་དཔེ་རིས་མང་པོ་ཡོད།

5.

ལྷ་ས་སྨན་རྩིས་ཁང་ནི་རབ་བྱུང་བཅོ་ལྔ་པའི་མེ་འབྲུག(༡༩༡༦)ལོའིཟླ་༩པའི་ནང་གསར་དུ་བཙུགས་ཤིང་། ཁང་པའི་དབུས་མ་གཉིས་ཐོག་དང་། ཤག་ཁོར་ཐོག་གཅིག་མ། མདུན་ངོས་སུ་སྔོ་སྨན་འདེབས་འཛུགས་བྱེད་སའི་ལྡུམ་རྭ་སོགས་ཡོད། དེ་གར་བོད་སྨན་དང་། སྐར་རྩིས། སྙན་སུམ། སྒྲ་རིག་པ་སོགས་སློབ་གཉེར་བྱེད་ས་ཡོད་པ་དང་། ཐོག་མར་འཛུགས་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་བླ་སྨན་དངོས་གཞི་བྱམས་པ་ཐུབ་དབང་གིས་སྤྱི་ཁྱབ་དང་། མཁས་དབང་མཁྱེན་རབ་ནོར་བུས་དོ་དམ་པའི་འགན་བཞེས་ཤིང་། ལོ་འཁོར་གཏོང་གྲོན་དངུལ་འབབ་རྩེ་གནམ་གན་དངུལ་བསྐྱེད་ནས་དོ་དམ་ཞུ་དགོས་པ་དང་། དབུས་གཙང་། ལྷོ་ཁ། དྭགས་ཀོང་བཅས་ཀྱི་གཞིས་དགོན་ཁག་ནས་སྨན་རྩིས་སློབ་གསར་ཤེས་རིག་ལྡན་པའི་གྲྭ་གཞོན་སྐོང་བསྡུ་བྱས་ཆོག་པའི་འགན་དབང་ཡོད་པ་དང་། སློབ་མ་རྣམས་སྨན་རྩིས་དང་སྒྲ་རིག་པ་སོགས་ལ་སློབ་གཉེར་ཐར་ཕྱི་པ་བྱུང་རྗེས་་སློབ་ཐོན་ལག་འཁྱེར་བླངས་ཏེ་རང་གནས་སུ་ལོག་སྲོལ་ཡོད། སྨན་རྩིས་ཁང་དུ་སྨན་དང་། རྩིས། སྒྲ་རིག་པ་སོགས་ཀྱི་དཔེ་ཆའི་དཔར་ཤིང་དང་། སྨན་ཐང་སོགས་རིག་གནས་ཀྱི་སློབ་སྦྱོང་ལ་མཁོ་བའི་དཔེ་རིས་མང་པོ་ཡོད།

Phoneme: