- ID:
- T156997
-
རྩིས་རིག
(Tibetan, Tibetan script, Original)
- > rtsis rig (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsirik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1.
astr, mathmatics bstan rtsis, dbyangs 'char gyi rtsis, 'byung rtsis etc [rig gnas chung ba lnga'i ya gyal zhig de la]
Further Details- Language:
- English
astr, mathematics bstan rtsis, dbyangs 'char gyi rtsis, 'byung rtsis etc
Further Details- Language:
- English
2.
3.
[2223] རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་དེ་ལ་སྐར་རྩིས། བསྟན་རྩིས། དབྱངས་འཆར་གྱི་རྩིས། འབྱུང་རྩིས་སོགས་མང། ...
Further Details- Language:
- English
4.
རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག དེ་ལ་སྐར་རྩིས། བསྟན་རྩིས། དབྱངས་འཆར་གྱི་རྩིས། འབྱུང་རྩིས་སོགས་མང་།
Further Details- Language:
- Tibetan
5.
འདི་ལ་དུས་ཀྱི་ཚད་འཇལ་བའི་རྩིས་རིག་དང། གཟུགས་ཀྱི་ཚད་འཇལ་བའི་རྩིས་རིག་གཉིས་ཡོད་པའི་ནང་ནས་གཙོ་བོ་ནི་དུས་ཀྱི་ཚད་འཇལ་བའི་རྩིས་རིག་ཡིན་ཅིང། དེ་ནི་ཕྱི་རོལ་གྱི་ཉི་ཟླ་གཟའ་སྐར་སོགས་ཀྱི་འཁོར་འགྲོས་ངེས་ཅན་ལ་བརྟེན་ནས་བཞིའི་དབྱེ་བ་དང་གནམ་གཤིས་ཀྱི་འགྱུར་ལྡོག་བཅས་ཀྱི་ཆོས་ཉིད་ཤེས་ཐབས་ཀྱི་རྩིས་རིག་ཅིག་ཡིན། དེ་ཡང་སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་བཤད་སྲོལ་ཡོད་པ་ལྟར། གནའ་རབས་སྐར་རྩིས་ཀྱིས་རྩི་བྱ་གཙོ་བོ་ནི་དུས་ཀྱི་ཚད་རྩི་བ་དང་དེའི་ཞར་ལ་གཟུགས་ཀྱི་ཚད་རྩི་བ་ཡང་ཤེས་དགོས་ཤིང། དེང་སྐབས་ཀྱི་སྐར་རྩིས་རིགས་པས་ཉི་ཟླ་རྒྱུ་སྐར་སོགས་ཀྱི་འཁོར་འགྲོས་མྱུར་བུལ་དང་འཆར་ནུབ་སོགས་མང་པོ་ཞིག་ནི་དུས་ཀྱི་ཚད་འཇལ་པའི་སྒོ་ནས་རྩི་དགོས་ལ། དེ་དག་ཕན་ཚུན་བར་གྱི་རྒྱང་ཐག་རིང་ཐུང་དང། འོད་ཆེ་ཆུང་གི་ཚད་སོགས་མང་པོ་ཞིག་ནི་གཟུགས་ཀྱི་བོང་ཚད་དང་འབྱུང་བ་བཞིའི་འདུས་ཚད་ཀྱི་སྒོ་ནས་རྩི་དགོས་པ་ཡིན་པས་གཞལ་བྱའི་དངོས་པོ་དང། འཇལ་བྱེད་ཚད་གཞི། གཞི་འཛིན་པའི་གྲངས་གནས་བཅས་རྩིས་རིག་ལ་མེད་དུ་མི་རུང་བ་གསུམ་ཡིན། དུས་ཀྱི་ཚད་འཇལ་བའི་རྩིས་རིག་དེ་ལ་སངས་རྒྱས་ཆོས་ལུགས་ཀྱི་《མངོན་པ་མཛོད་》དང་《དུས་འཁོར་》གཉིས་ནས་བཤད་ཚུལ་མི་འདྲ་བའི་རྩིས་གཞི་ནི་དབུགས་དང། ཆུ་སྲང། ཆུ་ཚོད། ཉིན་ཞག ཚེས་ཞག ཁྱིམ་ཞག ཉིན་ཟླ། ཚེས་ཟླ། ཁྱིམ་ཟླ། ཉིན་ལོ། ཚེས་ལོ། ཁྱིམ་ལོ། དུས་བཞི། བསྐལ་པ། ཉི་ཟླ་རྒྱུ་སྐར་སོ་སོའི་མྱུར་འགྲོས་དང་དལ་འགྲོས། རང་འགྲོས་དང་རླུང་འགྲོས། དྲང་འགྲོས་དང་འཁྱོག་འགྲོས། ཁྱིམ་གྱི་ལོངས་སྤྱོད། ཉི་ཟླ་གཟའ་འཛིན། དབྱར་དགུན་གྱི་ཉི་ལྡོག དཔྱིད་སྟོན་གྱི་མཉམ་གཉིས་སོགས་སྐར་རྩིས་དང་། རྒྱ་ནག་ནས་བོད་དུ་དར་བའི་ནག་རྩིས། སྤར་ཁ་བརྒྱད། རྨེ་བ་དགུ། ལོ་སྐོར་བཅུ་གཉིས། འབྱུང་བ་ལྔ། ཀེག་རྩིས། བག་རྩིས། གཤིན་རྩིས་སོགས་མང་དུ་ཡོད། གཟུགས་ཅན་གྱི་ཚད་འཇལ་བའི་རྩིས་ནི། རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག དེ་བདུན་ལ་ལྕགས་རྡུལ་གཅིག་ཏུ་བརྩིས་པ་ནས་རིམ་བཞིན་ཆུ་རྡུལ། རི་བོང་གི་རྡུལ། ལུག་རྡུལ། གླང་རྡུལ། ཉི་ཟེར་གྱི་རྡུལ། སྲོ་མ། ཤིག་ནས་ཀྱི་བར་དུ་བདུན་འགྱུར་དུ་རྩིས་ཏེ། ནས་བདུན་ལ་སོར་གང་། སོར་ཉི་ཤུ་རྩ་བཞི་ལ་ཁྲུ་གང། ཁྲུ་བཞི་ལ་འདོམ་གང་། འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཏུ་རྩིས་པའི་ཚད་གཞི་དེས་རྒྱ་ཆེ་ཆུང་དང། ཐག་རིང་ཐུང་འཇལ་བར་བྱེད་པ་ནི་གནའ་རབས་ཀྱི་རྩིས་ཚུལ་ཡིན་ལ། དེང་སང་རྒྱུ་སྐར་སོ་སོའི་བར་ཐག་རིང་ཐུང་ནི་འོད་ཀྱིས་ལོ་གཅིག་ལ་ཇི་ཙམ་འགྲོ་བའི་མགྱོགས་ཚད་ལ་འོད་ལོ་ཞེས་པའི་ཚད་གཞིའི་སྒོ་ནས་རྩིས་སྲོལ་ཡོད། གཞན་ཡང་ལྗིད་ཚད་འཇལ་བ་ལ་སྲང་དང་ཉག་ཁལ་སོགས་དང་ཤོང་ཚད་འཇལ་བ་ལ་ཕུལ་དང་བྲེ་ཁལ་སོགས་ཡོད་པ་ཚང་མར་གཞི་འཛིན་སའི་གྲངས་ཀ་ངེས་ཅན་ཞིག་དགོས། དེ་འདྲའི་གྲངས་ཀའི་མིང་ལ་ཡང་གཅིག་ནས་གྲངས་མེད་ཀྱི་བར་དུ་གྲངས་གནས་དྲུག་ཅུ་ཐམ་པ་ཡོད་པས་གྲངས་ཀྱི་བར་སྟོང་འཛིན་བྱེད་ཀླད་སྒོར་དང། གྲངས་སྔ་མའི་སྟེང་དུ་ཕྱི་མ་སྣོན་པའི་བསྡོམས་རྩིས་དང། སྔ་མའི་སྟེང་ནས་མར་ཕྲི་བའི་འཕྲི་རྩིས། གྲངས་སྔ་མ་གོང་དུ་སྤེལ་བའི་བསྒྱུར་རྩིས། རྩིས་གཞིའི་དེ་ཆ་མཉམ་མང་པོར་བགོས་པའི་བགོས་རྩིས། རིམ་པ་ནས་རྩི་བའི་མགྱོགས་རྩིས་བཅས་ཡོད། རྒྱ་རྩིས་དང་། བོད་རྩིས། དུས་འཁོར་གྱི་སྐར་རྩིས་བཅས་བོད་དུ་ཇི་ལྟར་བྱུང་བའི་ལོ་རྒྱུས་སྐོར་གནད་བསྡུས་ཤིག་ལྔ་རིག་མཁས་དབང་ཟླ་མེད་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་མཛད་པའི་《རྒྱ་རྩིས་ཀྱི་གོ་དོན་》ཞེས་པ་ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པ་དེ་དང། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སྐར་རྩིས་ཞིབ་འཇུག་ཁང་ཚོགས་པ་ནས་བཏོན་པའི་《བོད་ཀྱི་སྐར་རྩིས་ལོ་རྒྱུས》 པེ་ཅིན་དཔེ་མཛོད་ཁང་གི་རྩིས་རིག་ཞིབ་འཇུག་མཁས་ཅན་བློ་མཐུན་ཧོང་མིན་ཤན་གྱིས་བརྩམས་པའི་《ཚན་རིག་གི་སྒོ་ནས་དཔྱད་པའི་བོད་ཀྱི་སྐར་རྩིས་གོ་དོན་》ཞེས་པ་བཅས་ལ་གཟིགས་ཞིབ་གནང་རོགས་ཞུ།
Further Details- Language:
- Tibetan
6.
རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་དེ་ལ་སྐར་རྩིས། བསྟན་རྩིས། དབྱངས་འཆར་གྱི་རྩིས། འབྱུང་རྩིས་སོགས་མང༌།
Further Details- Language:
- Tibetan
- Phoneme: