- ID:
- T25862
-
གར་འཆམ
(Tibetan, Tibetan script, Original)
- > gar 'cham/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gancham (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. bod rgya tshig mdzod chen mo
[351] 1༽ ལུས་སྒེག་འགྱིང་གི་ཉམས་ལྡན་པའི་གར། ... 2༽ གར་དང་འཆམ་གཉིས། ...
Further Details- Language:
- English
2. Thupten Phuntsok Dictionary
ཆོས་ལུགས་གྲུབ་མཐའ་ཁག་སོ་སོས་རང་རང་གི་ཡི་དམ་དང་སྲུང་མའི་འདྲ་འབག་དང་། ཆས་གོས་གྱོན་ཞིང་ཕྱག་མཚན་ལག་ཏུ་ཐོགས་ནས་གར་པ་ལ་ཟེར། གར་དང་འཆམ་གཉིས་ཀྱི་མི་འདྲ་བའི་ཁྱད་པར་སྐོར། ལག་པའི་ཕྱག་རྒྱ་གཙོ་བོར་བྱས་པ་དང་ཞི་བའི་ཉམས་བཅུ་དྲུག་གི་སྒོ་ནས་ལྷ་ལ་མཆོད་པ་འབུལ་བ་ནི་གར་དང་། ལུས་ཀྱི་ཉམས་འགྱུར་དང་སྟངས་སྟབས་གཙོ་བོར་བྱས་ཤིང་གདོན་བགེགས་འདུལ་བའི་རྣམ་འགྱུར་བཅུ་གཉིས་མཚོན་པར་བྱས་པ་ལ་ཞེས་བརྗོད་པ་ཡིན།
Further Details- Language:
- Tibetan
3. dung dkar bod rig pa'i tshig mdzod chen mo
ཆོས་ལུགས་གྲུབ་མཐའ་ཁག་སོ་སོས་རང་རང་གི་ཡི་དམ་དང་སྲུང་མའི་འདྲ་འབག་དང༌། ཆས་གོས་གྱོན་ཞིང་ཕྱག་མཚན་ལག་ཏུ་ཐོགས་ནས་གར་འཁྲབ་པ་ལ་ཟེར། གར་དང་འཆམ་གཉིས་ཀྱི་མི་འདྲ་བའི་ཁྱད་པར་སྐོར། ལག་པའི་ཕྱག་རྒྱ་གཙོ་བོར་བྱས་པ་དང་ཞི་བའི་ཉམས་བཅུ་དྲུག་གི་སྒོ་ནས་ལྷ་ལ་མཆོད་པ་འབུལ་བ་ནི་གར་དང༌། ལུས་ཀྱི་ཉམས་འགྱུར་དང་སྟངས་སྟབས་གཙོ་བོར་བྱས་ཤིང་གདོན་བགེགས་འདུལ་བའི་རྣམ་འགྱུར་བཅུ་གཉིས་མཚོན་པར་བྱས་པ་ལ་འཆམ་ཞེས་བརྗོད་པ་ཡིན་ཞེས་གསུངས་པ་གོ་དོན་རགས་པ་ཙམ་དང༌། བོད་དུ་གར་འཆམ་དུས་སྐབས་གང་གི་དུས་སུ་བྱུང་བ་ནི་གཉའ་ཁྲི་བཙན་པོའི་དུས་སུ་བྱུང་བར་གྲགས་པའི<<གསང་སྔགས་ཀྱི་བོན་སྒོ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པ>>དང<<བོན་གྱི་ཡི་དམ་དཔལ་ཕྱུར་མ་རྒྱུད་ཞི་བ་ཨ་གསལ>>སོགས་ལས་གཤེན་རབས་དགུ་འཆམ་དང༌། གཟེ་མ་དགུ་འཆམ། སྟག་ལྷའི་རྔ་འཆམ། ཞི་ཁྲོའི་ཁྲོ་འཆམ་སོགས་འཆམ་སྣ་བཅུ་བདུན་ཙམ་ཡོད་པར་བཤད་པ་ལྟར་ན། ནང་བསྟན་ཆོས་ལུགས་བོད་དུ་མ་དར་གོང་ནས་བོན་ལུགས་ཀྱི་འཆམ་ཡོད་ངེས་སྙམ། དེ་སྐོར་ཞིབ་པ་ནག་ཆུ་སྨན་རྩིས་ཁང་གི་སྨན་པ་སྤྱི་འདུལ་སྐྱབས་ཀྱིས་བྲིས་པ་གནང་བའི་ཆེད་རྩོམ<<གར་འཆམ་ཀྱི་ལོ་རྒྱུས་འདྲེན་བྱེད་དགའ་སྟོན>>ཞེས་པ<<བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག>>༡༩༨༩ལོའི་དུས་དེབ་དང་པོའི་ནང་བཀོད་ཡོད། བོད་དུ་ནང་བསྟན་ཆོས་ལུགས་དར་སྤེལ་བྱུང་བའི་རྗེས་སུ་གར་འཆམ་གྱི་སྲོལ་དར་སྔ་ཤོས་ནི། གསང་སྔགས་སྔ་འགྱུར་ལུགས་ཀྱི་རྡོ་རྗེ་ཕུར་པའི་འཆམ་དེ་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༌། མཁན་ཆེན་བོ་དྷི་ས་ཏྭ་བོད་དུ་གདན་དྲངས་ནས། བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་རབ་གནས་མཛད་སྐབས་སུ་ཡང་གསང་སྔགས་ཀྱི་ཆོ་ག་མཛད་པ་ལས་མཁན་སློབ་རྣམ་གཉིས་སུས་ཀྱང་གར་འཆམ་མཛད་པའི་ལོ་རྒྱུས་སྐོར་གང་ཡང་གསལ་མི་འདུག་ལ་བཀའ་ཐང་སྡེ་ལྔའི་ནང་གསེས<<རྒྱལ་པོ་བཀའ་ཐང>>གི་ལེའུ་པཅུ་གཅིག་པ་ལས་སྔགས་བོན་རྔ་ཐོགས་འཆམ་པོ་བྱེད་པ་དང་ཞེས་གསལ་བར་བརྟགས་ན། སྐབས་དེར་གར་འཆམ་འཁྲབ་མཁན་བོན་གྱི་སྔགས་པ་རྣམས་ཡིན་པར་གསུངས་པ་ལས། ནང་པའི་སྔགས་པ་རྣམས་ཀྱིས་བསྟན་པ་སྔ་དར་སྐབས་གསང་སྔགས་སྔ་འགྱུར་གྱི་གར་འཆམ་གནང་སྲོལ་བྱུང་མེད་འདྲ་སྙམ། རབ་བྱུང་གོང་གི་དྲུག་ཅུ་སྐོར་གཉིས་པའི་ས་བྱ(༩༤༩)ལོར་བསྟན་པ་ཕྱི་དར་གྱི་འགོ་ཚུགས་ནས་ལོ་བརྒྱད་ཅུ་གྱ་ལྔ་སོང་བའི་ཤིང་ཁྱི(༡༠༣༤)ལོར་ས་སྐྱ་བའི་བསྟན་པའི་སྲོལ་འབྱེད་མཛད་པོ་འཁོན་དཀོན་མཆོག་རྒྱལ་པོ་འཁྲུངས་ཤིང༌། སྐུ་ཚེའི་སྟོད་ལ་གསང་སྔགས་སྔ་འགྱུར་ལ་མཁས་པར་སྦྱངས་ནས་ཉིན་ཞིག་འབྲོའི་ལུང་པར་སྟོན་མོ་ཆེན་པོ་ཞིག་བྱུང་བའི་སྐབས་སུ་གཟིགས་མོར་བྱོན་སྐབས། སྔགས་པ་མང་པོས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་མགོ་བརྙན་གྱོན། ཕྱག་མཚན་མི་འདྲ་བ་རེ་ཁྱེར། མ་མོ་རལ་པ་ཅན་གྱིས་རྔ་སྟབས་དང་བཅས་འཆམ་བྱེད་པ་གཟིགས་ཏེ་གཅེན་ལ་ཞུས་པས། ད་ནི་གསང་སྔགས་འཆོལ་བ་བྱ་བ་ཡིན་པས་ཕྱིན་ཆད་གསང་སྔགས་གསར་མ་སློབ་གསུངས་ཚུལ་རྣམ་ཐར་དུ་གསལ་བས་བསྟན་པ་ཕྱི་དར་གྱི་འགོ་ཚུགས་ནས་གསང་སྔགས་གསར་མ་དར་སྤེལ་མ་བྱུང་བར་གྱི་དུས་སྐབས་དེར་གསང་སྔགས་ལ་ཁ་གཡར་ནས་ཆོས་ཀྱི་བྱེད་སྒོ་འདྲ་མིན་སྣ་ཚོགས་དར་བའི་དུས་སྐབས་དེར་སྔགས་པ་མཁྱེན་རབ་ཀྱི་འཕྲུལ་ཆེ་བ་འགའ་ཞིག་གིས་རྣམ་པ་བོན་ལ་ནང་དོན་ནང་བསྟན་ཆོས་ལུགས་ཀྱི་ངོ་བོ་ལྡན་པའི་གར་འཆམ་རིག་རྩལ་གྱི་འཁྲབ་སྟོན་གསར་གཏོད་མཛད་པ་ལས་བྱུང་བ་ཡིན་ནམ་སྙམ། ༡་ས་སྐྱ་ལུགས་ཀྱི་རྡོ་རྗེ་ཕུར་པའི་གར་འཆམ། ད་ཡོད་དཔྱད་གཞིའི་ཡིག་ཆ་གཞིར་བཟུང་ན། ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན(རབ་བྱུང་ལྔ་པའི་ཆུ་བྱི༡༣༡༢ལོ་ནས་རབ་བྱུང་བདུན་པའི་ཤིང་ཡོས༡༣༧༥ལོ་བར)གྱི་ཕྱག་བཞེས་གཞིར་བཟུང་ནས་མཆོད་དཔོན་ཤེས་རབ་སྣང་བས་འཆམ་ཡིག་བརྩམས་པ་དང༌། ཕག་གྲུ་སྡེ་སྲིད་མི་རབས་ལྔ་པ་དབང་གྲགས་པ་འབྱུང་གནས(རབ་བྱུང་བདུན་པའི་ཤིང་རྟ༡༤༡༤ལོ་ནས་རབ་བྱུང་བདུན་པའི་ཤིང་གླང༡༤༤༥ལོ་བར)སྐབས་རིན་པོ་ཆེ་ཀུན་བཟང་རྩེ་པས་ལེགས་བཅོས་གནང་བའི་འཆམ་ཡིག་གཞིར་བཟུང༌། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི(༡༦༧༠)ལོར<<དཔལ་ཀུན་ཏུ་བཟང་པོའི་འཆམ་ཀྱི་བརྗེད་བྱང་ལྷ་ཡི་རོལ་གར>>ཞེས་པ་རྩོམ་སྒྲིག་གནང་ཚུལ་འཁོད་པ་དེས་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྐུ་དུས་ནས་ས་ལུགས་རྡོ་རྗེ་ཕུར་པའི་གར་འཆམ་བྱུང་ཞིང་དེ་ནས་རིམ་བཞིན་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་སོགས་ས་རྙིང་དགོན་སྡེ་ཁག་ལ་དར་སྤེལ་བྱུང༌། དེ་རྗེས་ས་སྐྱའི་བདག་ཆེན་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན(རབ་བྱུང་དགུ་པའི་མེ་གླང༡༥༡༧ལོ་ནས་རབ་བྱུང་བཅུ་པའི་ཤིང་སྤྲེལ༡༥༨༤ལོ་བར)གྱིས་ས་སྐྱའི་གདན་ས་ལོ་ངོ་ལྔ་བཅུ་ང་གཉིས་མཛད་རིང་གསང་སྔགས་གྲྭ་ཚང་བདེ་ཆེན་གླིང་གསར་འཛུགས་ཐོག ས་སྐྱའི་ཡབ་ཆོས་ཡང་དག་དང༌། རྡོ་རྗེ་ཕུར་པ་གཉིས་ཀྱིས་མཚོན་རྒྱུད་སྡེ་བཞིའི་ཆོ་ག་མང་པོ་དང༌། ཆོས་སྐྱོང་ཁག་གི་བསྐང་བཟློག གར་འཆམ། གདངས་དབྱངས་རོལ་མོ་སོགས་ཀྱི་ཕྱག་ལེན་ཕྲ་མོ་ཚུན་ཆད་མ་ཉམས་པར་འཛུགས་གནང་མཛད་ཚུལ<<ས་སྐྱའི་གདུང་རབས>>ལྕགས་དཔར་མ་དེབ་དང་པོའི་ནང་གསལ། གོང་དུ་གསལ་བའི<<ས་ལུགས་རྡོ་རྗེ་ཕུར་པའི་འཆམ་ཡིག་ཁག་བའི>>ད་ཕན་ལག་སོན་མ་བྱུང་བས་འཚོལ་དགོས། ༢་འབྲི་གུང་གར་འཆམ། འབྲི་གུང་གདན་རབས་དགུ་པ་སྤྱན་སྔ་རྡོ་རྗེ་རྒྱལ་པོ(རབ་བྱུང་ལྔ་པའི་ཤིང་སྤྲེལ༡༢༨༤ལོ་ནས་རབ་བྱུང་དྲུག་པའི་ལྕགས་སྟག༡༣༥༠ལོ་བར)མཆོག་འབྲི་གུང་གི་གདན་ས་མཛད་སྐབས་མཚེའུ་མཁར་དུ་སོས་གཏོར་ལ་མགོན་པོ་ཕྱག་བཞི་པའི་གཏོར་བཟློག་དང་རྡོ་རྗེ་ཕུར་པའི་གར་འཆམ་གྱི་སྲོལ་ཐོག་མར་འཛུགས་གནང་ཅིང༌། །དེ་རྗེས་རྒྱལ་དབང་ཀུན་དགའ་རིན་ཆེན་དང༌། རྒྱལ་དབང་རིན་ཆེན་ཕུན་ཚོགས། རིག་འཛིན་ཆོས་ཀྱི་གྲགས་པ། །ཆོས་རྗེ་འཕྲིན་ལས་བཟང་པོ། ཆོས་རྗེ་དོན་གྲུབ་ཆོས་རྒྱལ། །ཆོས་ཀྱི་ཉི་མ་བཅས་གདན་རབས་རིམ་བྱོན་སྐབས་རིམ་བཞིན་ཇེ་རྒྱས་ཇེ་འཕེལ་དུ་སོང་ཞིང༌། འཆམ་ཡིག་བཅས༌ཀྱི་སྐོར་ཞིབ་པར། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་བསྟན་འཛིན་ཐར་ལམ་གྱིས་འབྲི་གནང་མཛད་པའི<<འབྲི་གུང་གི་གར་འཆམ་དང་བོད་ཀྱི་རིག་གནས་སྒྱུ་རྩལ>>ཞེས་པ<<བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག>>༡༩༨༨ལོའི་དུས་དེབ་ཨང༧པའི་ནང་འཁོད་ཡོད། ༣གོང་དཀར་ཆོས་སྡེའི་རྔ་འཆམ་སྐོར། གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱིས་རབ་བྱུང་བརྒྱད་པའི་ཤིང་སྤྲེལ(༡༤༦༤)ལོར་གོང་དཀར་ཆོས་སྡེ་དགོན་པ་ཕྱག་བཏབ་ནས་མི་རིང་བར་རྔ་འཆམ་དེ་འཛུགས་གནང་མཛད་པ་ཡིན་ཚུལ་སོགས་བློ་མཐུན་བསྟན་འཛིན་ཚེ་རིང་གིས་བྲིས་པའི་ཆེད་རྩོམ<<གོང་དཀར་ཆོས་སྡེའི་རྔ་འཆམ>>ཞེས་པའི་བསྒྱུར་ཡིག<<བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག>>༡༩༩༢ལོའི་དུས་དེབ་དང་པོའི་ནང་འཁོད་པ་དེར་དཔྱད་གཞི་མང་པོ་ཡོད། ༤རྩེ་རྣམ་རྒྱལ་གྲྭ་ཚང་གི་འཆམ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི(༡༦༧༠)ལོར་ཐོག་མར་རྡོ་རྗེ་ཕུར་པའི་གར་འཆམ་འཛུགས་གནང་ཐོག<<དཔལ་ཀུན་ཏུ་བཟང་པོའི་འཆམ་གྱི་བརྗེད་བྱང་ལྷ་ཡི་རོལ་གར>>ཞེས་པ་ཤོག་གྲངས༤༠ཡོད་པ་ཞིག་བཙོམས་གནང་མཛད་པ་སྐུ་ཕྲེང་དེ་ཉིད་ཀྱི་གསུང་འབུམ་ནང་མ་པོད[ག]པའི་ནང་བཞུགས་ཤིང༌། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དགུང་ལོ་སོ་གསུམ་བཞེས་པའི་ལྕགས་སྤྲེལ(༡༧༤༠)ལོར། གོང་མ་ཆེན་ལུང་གིས་ཕུལ་བའི་འཆམ་གོས་མངགས་བཏགས་མ་མང་པོ་ཡོད་པ་དང༌། རྣམ་རྒྱལ་གྲྭ་ཚང་སྤྱིས་རེ་བསྐུལ་ཞུས་པ་ལྟར་བཀྲ་ཤིས་ལྷུན་པོའི་སྔགས་ཁང་ནས་འཆམ་དཔོན་ཞིག་ཆེད་གཉེར་གྱིས་གདན་དྲངས་ནས་གར་འཆམ་སློབ་སྦྱོང་བྱེད་དུ་འཇུག་པ་དང་གར་འཆམ་གསར་འཛུགས་གནང་ཚུལ<<རྣམ་ཐར>>ནང་གསལ། ༥བཀྲ་ཤིས་ལྷུན་པོའི་གར་འཆམ། པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་དགུང་ལོ་དྲུག་བཞེས་པ་ས་སྤྲེལ(༡༦༦༨)ལོ་དང༌། དགུང་ལོ་བཅུ་བདུན་བཞེས་པ་ས་ལུག(༡༦༧༩)ལོ། དགུང་ལོ་ཉི་ཤུ་བཞེས་པ་ཆུ་ཁྱི་(༡༦༨༢)ལོ། དགུང་ལོ་ང་གཅིག་བཞེས་པ་ཆུ་སྦྲུལ་(༡༧༡༣)ལོ་བཅས་ལ་འཆམ་གོས་མངགས་བཏགས་སྣ་ཚོགས་དང༌། ཞྭ་ནག་གི་འཆམ་གོས་ཕྱག་མཚན་དང་བཅས་པ་ཆ་ཚང༌། ཁྲོ་བོའི་འབག་བརྒྱད་བཅས་གསར་བཟོས་གནང་བ་དང༌། དེ་རྗེས་གོང་མ་ཁང་ཤིའི་སྲས་བཞི་པས་ཕུལ་བའི་འཆམ་གོས་མངགས་བཏགས་མ་ཆ་ཚང་ཉི་ཤུ་རྩ་བརྒྱད་ཡོད་པ་བཅས་བཀྲ་ཤིས་ལྷུན་པོའི་སྔགས་ཁང་དང༌། དབེན་དགོན་གཉིས་ལ་སྦྱོར་འཇགས་གནང་ཚུལ<<རང་རྣམ>>ལས་གསུངས་པས་དེ་དུས་ནས་བཀྲ་ཤིས་ལྷུན་པོར་གར་འཆམ་ཚུགས་ཟིན་པར་གསལ་བཤད་བྱུང་ཡོད། བཀྲ་ཤིས་ལྷུན་པོའི་གར་འཆམ་གྱི་ཞིབ་ཕྲའི་གནས་ཚུལ་སྐོར། ད་ལྟ་སྐུ་འཚོ་བཞུགས་རྩེ་མགོན་ཁང་གི་འཆམ་དཔོན་གུ་གེ་བླ་མ་ཚེ་རིང་མཆོག་ནས་འབྲི་གནང་མཛད་པའི་ཆེད་རྩོམ<<བཀྲས་ལྷུན་རྩེ‘མགོན་གར་འཆམ་སྐོར་ངོ་སྤྲོད་མདོ་ཙམ་ཞུ་བ>>ཞེས་པ<<བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག>>༡༩༩༢ལོའི་དུས་དེབ་ཨང་དང་པོའི་ནང་འཁོད་ཡོད། ༦་སྐུ་འབུམ་བྱམས་པ་གླིང་གི་གར་འཆམ། སྐུ་འབུམ་དགོན་གྱི་ཁྲི་ཐོག་ཉི་ཤུ་པ་མཁན་པོ་ནོ་མིན་ཧན་བློ་བཟང་དོན་གྲུབ་ཀྱིས་རབ་བྱུང་བཅུ་གཉིས་པའི་ས་ཁྱི་(༡༧༡༨)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་སྐུ་འབུམ་དུ་བཞུགས་པའི་གོ་སྐབས་དང་བསྟུན་ནས་རྩེ་རྣམ་རྒྱལ་གྲྭ་ཚང་གི་འཆམ་དཔོན་ཞིག་གདན་དྲངས་ནས་འཆམ་སྣ་འགའ་ཞིག་བསླབ་སྦྱངས་ཐོག་འཆམ་པ་གྲྭ་ཚང་ཟུར་དུ་འཛུགས་གནང་མཛད་ཡོད། ༧བླ་བྲང་བཀྲ་ཤིས་འཁྱིལ་གྱི་གར་འཆམ། འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་དགུང་ལོ་ཞེ་གཉིས་པ་རབ་བྱུང་བཅུ་གསུམ་པའི་ས་གླང(༡༧༦༩)ལོར་བཀྲ་ཤིས་ལྷུན་པོའི་འཆམ་དཔོན་བློ་བཟང་དཔལ་ལྡན་མདོ་སྨད་དུ་འབྱོར་བ་དང་སྟབས་བསྟུན་གར་འཆམ་སྣ་འགའ་ཞིག་དང་ལྕགས་མཁར་ཆོ་ག་གསར་འཛུགས་གནང་ཡོད། ༨བསྟན་རྒྱས་གླིང་གི་དེ་མོ་གར་འཆམ། དེ་མོ་ཧོ་ཐོག་ཐུའི་སྐུ་ཕྲེང་བདུན་པ་ངག་དབང་དགེ་ལེགས་རྒྱལ་མཚན(ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་དུས་མ༡མ)གྱིས་ཐོག་མར་གསར་གཏོད་མཛད་དེ་ཀོང་པོ་དེ་མོ་དགོན་དུ་འཛུགས་གནང་མཛད། དེ་མོ་ཧོ་ཐོག་ཐུ་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་མཆོག(རབ་བྱུང་བཅུ་གསུམ་པའི་ས་ཁྱི༡༧༧༨ལོ་ནས་རབ་བྱུང་བཅུ་བཞི་པའི་ས་ཡོས༡༨༡༩བར)གིས་བོད་ཀྱི་སྲིད་སྐྱོང་འགན་བཞེས་གནང་རིང་སྔར་ཡོད་ཀོང་པོ་དེ་མོའི་འཆམ་ལ་ལེགས་བཅོས་དང་ཁ་སྣོན་མཛད་དེ་ལྷ་ས་བསྟན་རྒྱས་གླིང་དུ་འཛུགས་གནང་མཛད་པར་ཡོངས་གྲགས་སུ་དེ་མོ་དགུ་འཆམ་ཟེར་ཞིང་འཆམ་གྱི་སྒྱུ་རྩལ་འཁྲུག་ཆ་དོད་ཅིང་དུང་ཆེན་གྱི་སྐད་དང་བསྟུན་ནས་འཆམ་དགོས་པས་དུང་འཆམ་ཟེར(དེའི་འཆམ་ཡིག་ཞལ་བཤུས་དེང་སང་ཡོད་མུས)༩མཚུར་ཕུའི་གར་འཆམ། སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་རིན་ཆེན་དཔལ་བཟང་གིས་འབྲི་གརྣང་མཛད་པའི<<མཚུར་ཕུའི་གར་འཆམ་སྐོར་གླེང་བ>>ཞེས་པའི་ཆེད་རྩོམ<<བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག>>༡༩༩༤ལོའི་དུས་དེབ་དང་པོའི་ནང་འཁོད་པ་ལྟར་ན། ཀརྨ་པ་སྐུ་ཕྲེང་བཅུ་གསུམ་པ་ཡན་གྱི་རྣམ་ཐར་ནང་མཚུར་ཕུ་དགོན་པར་གར་འཆམ་ཡོད་པའི་ལོ་རྒྱུས་ཁ་གསལ་གྱི་ཡིག་ཆ་ཁུངས་བཙུན་མེད་པ་དང༌། ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ(རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ༡༧༩༧ལོ་ནས་རབ་བྱུང་བཅོ་ལྔ་པའི་ས་འབྲུག༡༨༦༨ལོ་བར)མཆོག་གིས་ལོ་མཇུག་དགུ་གཏོར་ཆེན་མོའི་གར་འཆམ་དང༌། དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་བཞི་པའི་ཆུ་འབྲུག་(༡༨༣༢)ལོར་བོད་ཟླ་བཞི་པའི་ཚེས་བཅུའི་གར་འཆམ་དང༌། རྡོ་རྗེ་ཕུར་པའི་གར་འཆམ་གཉིས་ལོ་རེས་མོས་ཀྱིས་འཛུགས་རྒྱུའི་བཀོད་སྒྲིག་མཛད་པར་གསུངས། ཞིབ་པར་གོང་གསལ་གྱི་ཆེད་རྩོམ་དེ་བཞིན<<བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག>>༡༩༩༤ལོའི་དུས་དེབ་དང་པོ་དང་གཉིས་པ། ༡༩༩༥ལོའི་དུས་དེབ་དང་པོ་བཅས་སུ་འཁོད་པ་དེར་གཟིགས། ད་དུང་ཞྭ་ལུ་རྣམ་སྲས་མཆོད་པའི་གར་འཆམ་དང་སྟག་ལུང་གི་གར་འཆམ་སོགས་མང་པོ་ཞིག་གི་དཔྱད་གཞི་གསལ་བ་ཞིག་ད་ཕན་མ་རྙེད་ལགས།
Further Details- Language:
- Tibetan
4. smon lam tshig mdzod chen mo
5. Negi Tibetan-Sanskrit Dictionary
6. Rangjung Yeshe Dictionary
7. Ives Waldo Dictionary
8. Jim Valby Dictionary
- Phoneme:
Sanskrit
Tibetan-Sanskrit dictionary In Śata-piṭaka series. Vol. 3. New Delhi: International Academy of Indian Culture, 1959.
- nartana