Skip to main content Skip to search
rnam bcu dbang ldan/
ID:
T110954
  • རྣམ་བཅུ་དབང་ལྡན (Tibetan, Tibetan script, Original)
    • >  rnam bcu dbang ldan/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  namchu wangden (Tibetan, Latin script, Transcription-THL Simplified Tibetan Transcription)

hom ksha ma la wa ra yom zhes pa lanydza'i yi ge hkshmlwryom brtsegs ma 'di 'dra zhig ste, rten gzhal yas khang gi 'og gzhi rlung me chu sa'i dkyil 'khor bzhi ya ra wa la, ri rab gzhal yas khang bcas pa ma, brten pa sku gsung thugs kyi lha rnams ksha, thugs dkyil gyi lha rnams ha, bde chen 'khor lo'i lha'i sku gsung thugs zla tses thig le n' da ste rten brten pa'i lha rnams mtshon par byed pa'o,...Ya ra wa la...Ma...Ksha...Ha

Subjects

[1565] ཧོཾ་ཀྵ་མ་ལ་ཝ་ར་ཡོཾ་ཞེས་པ་ལཉྫ་ཡི་གེ་ཧྐྵྨླྺྲྱོཾ་བརྩེགས་མ་འདི་འདྲ་ཞིག་སྟེ། རྟེན་གཞལ་ཡས་ཁང་གི་འོག་གཞི་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་ཡ་ར་ཝ་ལ། རི་རབ་གཞལ་ཡས་ཁང་བཅས་པ་མ། བརྟེན་པ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྵ། ཐུགས་དཀྱིལ་གྱི་ལྷ་རྣམས་ཧ། བདེ་ཆེན་འཁོར་ལོའི་ལྷའི་སྐུ་གསུང་ཐུགས་ཟླ་ཚེས་ཐིག་ལེ་ནཱ་ད་སྟེ་རྟེན་བརྟེན་པའི་ལྷ་རྣམས་མཚོན་པར་བྱེད་པའོ། ... ཡ་ར་ཝ་ལ་... མ་... ཀྵ་... ཧ་...

Subjects

དུས་ཀྱི་འཁོར་ལོའི་སྙིང་པོའམ་གཟུངས་སྔགས་ཡི་གེ་བཅུ་པ་ལ་རྣམ་བཅུ་དབང་ལྡན་ཅེས་ཟེར། ཡི་གེ་བཅུ་པོ་འདི་ནི་ཕྱི་འཇིག་རྟེན་གྱི་ཁམས། ནང་རྡོ་རྗེའི་ལུས། གཞན་དཀྱིལ་འཁོར་རྣམ་པ་བཅས་མཚོན་བྱེད་ཡིན།

Subjects

དུས་ཀྱི་འཁོར་ལོའི་སྙིང་པོ་ཡིན། དེ་ནི། ཡརབལམྐྵཧ་ཞེས་པའི་ཡི་གེ་བདུན་དང། ཡི་གེ་གཟུགས་འགྱུར་བའི་རྗེས་སུ་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་གི་ཨ་ཡིག་མཚོན་པར་བྱེད་པའི་ནཱ་ད་བཅས་ཡི་གེ་རྣམ་པ་བཅུ་བརྩེགས་མར་གནས་པ་ཞིག་སྟེ། གནམ་བཅུ་དབང་ལྡན་ཞེས་རྟག་ཏུ་མཐོང་རྒྱུ་ཡོད་པ་དེ་ནི་ལེགས་སྦྱར་སྐད་ཀྱི་ཡིག་གཟུགས་ལཉྫ་ལྟར་བྲིས་པ་ཞིག་ཡིན། ལཉྫའི་ཡིག་གཟུགས་འབྲི་སྟངས་རྒྱས་བསྡུས་ལས། ཕྱི་ཤད་མང་ཉུང་གི་ཁྱད་པར་ཅུང་ཟད་རེ་ཡོད། འདིའི་མཚོན་དོན་ནི། འཇིག་རྟེན་ཁམས་ལ་སྦྱར་ན། ཡ་ནི་རླུང་གི་ཁམས། ར་ནི་མེའི་ཁམས། བ་ནི་ཆུའི་ཁམས། ལ་ནི་སའི་ཁམས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་རིམ་བརྩེགས་ཀྱི་སྙིང་པོའམ་མཚོན་བྱེད་ཡིན། མ་ནི་འདོད་པའི་ཁམས་དང། ྐྵ་ནི་གཟུགས་ཀྱི་ཁམས། ཧ་ནི་གཟུགས་མེད་ཀྱི་ཁམས་ཏེ་ནང་བཅུད་ཀྱི་སེམས་ཅན་གྱི་ས་བོན་ནམ་མཚོན་བྱེད་ཡིན། སྣ་ལྡན་ཟླ་ཚེས་ནི་སེམས་ཅན་གྱི་སྲོག་དང། ཐིག་ལེ་ནི་སེམས་ཅན་གྱི་དྲོད་མཚོན་བྱེད་ཡིན། ནཱ་ད་ནི་སྲོག་གི་ཨ་ཡིག་ནམ་མཁའ་སྟོང་པའི་ཁམས་མཚོན་བྱེད་ཡིན། དེའི་མཚོན་མདོག་ནི། འོག་གི་འབྱུང་བ་རིམ་བརྩེགས་བཞི་སོ་སོའི་རང་མདོག་སྟེ། ཡ་ལྗང་ཁུ། ར་དམར་པོ། བ་དཀར་པོ། ལ་སེར་པོ། མ་འདོད་པའི་ཁམས་འདོད་ཡོན་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན་ཀྵ་གཟུགས་ཁམས་མཚོན་པའིདཀར་པོ། ཧ་གཟུགས་མེད་ཁམས་མཚོན་པའི་སྔོན་པོ། ཟླ་ཚེས་སྣ་ལྡན་ནི་སྲོག་ཟླ་བའི་ཁམས་དཀར་པོ། ཐིག་ལེ་ནི་དྲོད་ཉི་མའི་ཁམས་དམར་པོ། ནཱ་ད་ནམ་མཁའི་ཁམས་སྔོན་པོ་ཡིན། འདི་ནི་ཁམས་གསུམ་གྱི་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་པས། འདི་ཁང་སྟེང་དུ་བཀལ་ན་ས་དཔྱད་ངན་པ་ཐམས་ཅད་ཟིལ་གྱིས་གནོན་ནས་བཀྲ་ཤིས་པར་བྱེད། གཟའ་སྐར་ངན་པའི་གནོད་པ་ཐམས་ཅད་བཟློག་ནས་གནོད་པ་སྲུང། ཁྱིམ་དུ་བཞག་ན་རྐྱེན་ངན་དང་བར་ཆད་སྲུང། དགེ་ཤིང་བཀྲ་ཤིས་པར་བྱེད་པ་སོགས་ཀྱི་ཕན་ཡོན་ཡོད་ཚུལ་ཤོད་སྲོལ་ཡོད་པར་བརྟེན། ཕལ་ཆེ་བས་ཁང་སྟེང་དང། གཙུག་ལག་ཁང་སོགས་ཀྱི་གྱང་ངོས་སུ་འབྲི་སྲོལ་ཆགས་ཡོད། དོན་དངོས་ཐོག་འདིར་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་མཐའ་དག་བསྡུས་ཡོད་པས་གཞུང་གཞན་ལ་གཟིགས་པར་མཛོད།

Subjects

vi. daśākāro vaśī—རྣམ་པ་བཅུ་པོ་དོན་བཅུའི་དོན། /ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག། …/རྣམ་བཅུ་དབང་ལྡན་ཆེ་བ་པོ༎ daśākāro daśārthārtho munīndro daśabalo vibhuḥ

Subjects

…daśākāro vaśī mahān

Subjects

vi.pra.158kha/3.119.

Subjects

ཧོཾ་ཀྵ་མ་ལ་ཝ་ར་ཡོཾ་ཞེས་པ་ལཉྫའི་ཡི་གེ་(HKshMLW++R++YOm)་བརྩེགས་མ་འདི་འདྲ་ཞིག་རྟེན་གཞལ་ཡས་ཁང་གི་འོག་གཞི་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་ཡ་ར་ཝ་ལ། རི་རབ་གཞལ་ཡས་ཁང་བཅས་པ་མ། བརྟེན་པ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྵ། ཐུགས་དཀྱིལ་གྱི་ལྷ་རྣམས་ཧ། བདེ་ཆེན་འཁོར་ལོའི་ལྷའི་སྐུ་གསུང་ཐུགས་ཟླ་ཚེས་ཐིག་ལེ་ནཱ་ད་སྟེ་རྟེན་བརྟེན་པའི་ལྷ་རྣམས་མཚོན་པར་བྱེད་པའོ། ཡ་ར་ཝ་ལ མ ཀྵ ཧ

Subjects

Other Dictionaries

Other Dictionaries

Phoneme: