- ID:
- T118326
-
སྤྱང་ཀི
(Tibetan, Tibetan script, Original)
- > spyang ki/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > changki (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. bod rgya tshig mdzod chen mo
[1669] གཟུགས་དབྱིབས་ཁྱི་འདྲ་བའི་གཅན་གཟན་ཞིག་... མི་ངན་ལ་རྒྱབ་རྟེན་བཅོལ་ན་སྤྱང་ཀི་ནང་དུ་ཁྲིད་པ་དང་མཚུངས། ... ལུག་ཁྱུ་སྤྱང་ཀིས་བདས་ཏེ་བྱེར་བ། ... སྤྱང་ཀིའི་ཁ་ནས་ལུག་རོ་མི་འཐོབ། ... སྤྱང་ཀི་རྟ་གཟན་ལུག་རོས་མི་འགྲང། ...
Further Details- Language:
- English
2. Thupten Phuntsok Dictionary
གཟུགས་དབྱིབས་ཁྱི་འདྲ་བའི་གཅན་གཟན་ཞིག མི་ངན་ལ་རྒྱབ་རྟེན་བཅོལ་ན་སྤྱང་ཀི་ནང་དུ་ཁྲིད་པ་དང་མཚུངས། ལུག་ཁྱུ་སྤྱང་ཀིས་བདས་ཏེ་བྱེར་བ། སྤྱང་ཀིའི་ཁ་ནས་ལུག་རོ་མི་འཐོབ། སྤྱང་ཀི་རྟ་གཟན་ལུག་རོས་མི་འགྲང་།
Further Details- Language:
- Tibetan
3. dag yig gsar bsgrigs
དབྱིབས་ཁྱི་དང་འདྲ་ཞིང་། སྤུ་མདོག་སེར་སྐྱའམ་ནག་པོ། གདོང་ལ་ཁྲོ་གཉེར་ལྟ་བུའི་ཁྲ་རིས་ཡོད་པའི་གཅན་གཟན་ཧ་ཅང་གཡོ་སྒྱུ་ཅན་ཞིག་ཡིན། མི་ཕྱུགས་གཉིས་ཀ་གནོད་པ་བྱེད་ཅིང་ཕྱད་པར་དུ་ཕྱུགས་ལ་གནོད་པ་བྱེད་པ་ཡིན། འདི་ལ་སྤྱང་ཁུ་དང་སྤྱང་གི་ཞེས་འབྲི་བའང་ཡོད། ཚིག་བསྡུས་ན་སྤྱང་འབྲི་ཆོག་སྟེ། སྤྱང་ཀིའི་ཕྲུ་གུ་ལ་སྤྱང་ཕྲུག་ཟེར་བ་ལྟ་བུ།
Further Details- Language:
- Tibetan
4. smon lam tshig mdzod chen mo
གཟུགས་དབྱིབས་ཁྱི་འདྲ་བའི་གཅན་གཟན་ཞིག མི་ངན་ལ་རྒྱབ་རྟེན་བཅོལ་ན་སྤྱང་ཀི་ནང་དུ་ཁྲིད་པ་དང་མཚུངས། ལུག་ཁྱུ་སྤྱང་ཀིས་བདས་ཏེ་བྱེར་བ། སྤྱང་ཀིའི་ཁ་ནས་ལུག་རོ་མི་འཐོབ། སྤྱང་ཀི་རྟ་གཟན་ལུག་རོས་མི་འགྲང༌།
Further Details- Language:
- Tibetan
5. Negi Tibetan-Sanskrit Dictionary
vṛkaḥ, jantuviśeṣaḥ — རི་དྭགས་རུ་རུ་དང…སེང་གེ་དང་སྤྱང་ཀི་དང་དོམ་དང་དྲེད་ལ་སོགས་པ་མང་པོ་རྒྱུ་བ ruru…vṛkasiṃharkṣādimṛgavicarite jā.mā.149kha/174; སེང་གེ་དང་སྟག་དང་གཟིག་དང་སྤྱང་ཀི་དང་ཏར་ཀྵ་དང་བྱི་ལ་དང་ཝ་དང་འུག་པ་ཤ་མང་པོ་ཟ་བའི་སྐྱེ་གནས་དང siṃhavyāghradvīpivṛkatarakṣumārjārajambukolūkādipracuramāṃsādayoniṣu la.a.155kha/102; bheruṇḍakaḥ ma.vyu.4785 (74ka).
Further Details- Language:
- Sanskrit
6. Dan Martin Dictionary
7. Rangjung Yeshe Dictionary
8. Ives Waldo Dictionary
9. Jim Valby Dictionary
- Phoneme:
Sanskrit
Mahāvyutpatti: Sanskrit-Tibetan-English Vocabulary. Kolkata: The Asiatic society, 1910.
- vṛkaḥ