Skip to main content Skip to search
pha dam pa sangs rgyas/
ID:
T120143
  • ཕ་དམ་པ་སངས་རྒྱས (Tibetan, Tibetan script, Original)
    • >  pha dam pa sangs rgyas/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  padam pasangyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཞི་བྱེད་ཆོས་ལུགས་བོད་དུ་ཐོག་མར་དར་བར་མཛད་པ་པོ་སྟེ། འདི་ཉིད་བོད་དུ་ལན་ལྔ་བྱོན་ཞིང་། དེ་ཡང་དང་པོ་མགྲིན་ཐང་ལས་སྒོ་ནས་ཙཱ་རིར་བྱོན། གཉིས་པ་ཁ་ཆེ་ནས་མངའ་རིས་སུ་བྱོན། གསུམ་པ་བལ་པོ་ནས་བྱོན་པ་ན་ཡར་ལུང་གི་སྨ་ར་སེར་པོ་དང་མཇལ་ཏེ་དེ་དང་འགྲོགས་ནས་གཙང་དུ་སྐྱོ་བསོད་ནམས་བླ་མ་དང་། སྨ་ར་སེར་པོ་ལ་གཅོད་སྐོར་གནང་། བཞི་པ་ཤབ་འུག་ལྟག་སྒོ་ནས་དབུས་སུ་རྨ་སོ་ཀམ་གསུམ་སོགས་ཀྱི་དོན་མཛད། ལྔ་པ་ནི་དེ་ནས་རྒྱ་ནག་ཏུ་བྱོན། ལོ་བཅུ་གཉིས་བཞུགས་ནས་སླར་གཙང་དིང་རིར་ཤར་རྒྱག་ཕེབས་པའོ། །ཕ་དམ་པ་བོད་དུ་བྱོན་པའི་ཐ་མ་རབ་བྱུང་གཉིས་པའི་ཆུ་སྦྲུལ (༡༡༡༣) ལོ་ཡིན་ཞིང་། འདི་དུས་ཕ་དམ་པའི་མཁྱུད་དཔྱད་དཀར་ནག་ཁྲ་གསུམ་ཁམས་ཀློང་ཐང་སྒྲོལ་མར་གཏེར་དུ་སྦས། བོད་ཀྱི་ལོ་རྒྱུས་ཐོག་ཤོད་སྲོལ་ལ་དགུང་ལོ་ལྔ་བརྒྱ་ཙམ་བཞུགས་ཟེར་བ་ཡང་སྣང་དེ་ཡང་ཕ་དམ་པ་ནས་བརྒྱུད་པའི་གཅོད་སྐོར་ལ་ཕོ་གཅོད་དང་མོ་གཅོད་གཉིས་ལས། དང་པོ་ནི་སྨ་ར་སེར་པོ་ནས་བརྒྱུད་པ་དང་། གཉིས་པ་ནི་མ་ཅིག་ནས་བརྒྱུད་པ་ལ་ཟེར་རོ། །

2. dung dkar bod rig pa'i tshig mdzod chen mo

ཞི་བྱེད་ཆོས་ལུགས་བོད་དུ་ཐོག་མར་དར་བར་མཛད་པ་པོ་སྟེ། འདི་ཉིད་བོད་དུ་ལན་ལྔ་བྱོན་ཞིང་། དེ་ཡང་དང་པོ་མགྲིན་ཐང་ལས་སྒོ་ནས་ཙཱ་རིར་བྱོན། གཉིས་པ་ཁ་ཆེ་ནས་མངའ་རིས་སུ་བྱོན། གསུམ་པ་བལ་པོ་ནས་བྱོན་པ་ན་ཡར་ལུང་གི་སྨང་ར་སེར་པོ་དང་མཇལ་ཏེ་དེ་དང་འགྲོགས་ནས་གཙང་དུ་སྐྱོ་བསོད་ནམས་བླ་མ་དང་། སྨང་ར་སེར་པོ་ལ་གཅོད་སྐོར་གནང་། བཞི་པ་ཤབ་འུག་ལྟག་སྒོ་ནས་དབུས་སུ་རྨ་སོ་ཀམ་གསུམ་སོགས་ཀྱི་དོན་མཛད། ལྔ་པ་ནི་དེ་ནས་རྒྱ་ནག་ཏུ་བྱོན། ལོ་བཅུ་གཉིས་བཞུགས་ནས་སླར་དིང་རིར་ཕྱག་ཕེབས་པའོ། ། ཕ་དམ་པ་བོད་དུ་བྱོན་པའི་ཐ་མ་རབ་བྱུང་གཉིས་པའི་ཆུ་སྦྲུལ་(༡༡༡༣)ལོ་ཡིན་ཞིང་། འདི་དུས་ཕ་དམ་པའི་མཁྱུད་དཔྱད་དཀར་ནག་ཁྲ་གསུམ་ཁམས་ཀློང་ཐང་སྒྲོལ་མར་གཏེར་དུ་སྦས། བོད་ཀྱི་ལོ་རྒྱུས་ཐོག་ཤོད་སྲོལ་ལ་དགུང་ལོ་ལྔ་བརྒྱ་ཙམ་བཞུགས་ཟེར་བ་ཡང་སྣང་། དེ་ཡང་ཕ་དམ་པ་ནས་བརྒྱུད་པའི་གཅོད་སྐོར་ལ་ཕོ་གཅོད་དང་མོ་གཅོད་གཉིས་ལས། དང་པོ་ནི་སྨང་ར་སེར་པོ་ནས་བརྒྱུད་པ་དང་། གཉིས་པ་ནི་མ་གཅིག་ནས་བརྒྱུད་པ་ལ་ཟེར་རོ། ལོ་རྒྱུས་ཅུང་ཟད་ཙམ་《དེར་ཐེར་སྔོན་པོ་》ལྕགས་དཔར་མ་སྨད་ཆའི་ཤོག་གྲངས་༡༠༡༥ནས་༡༠༢༠བར་གསལ།

3. Rangjung Yeshe Dictionary

Phadampa Sangye A great Indian siddha who visited Tibet five times, the last time in 1098, where he taught the Shije system. His chief Tibetan disciple was the yogini Machik Labdrön

d.1117? - Padampa Sangye, Indian master who introduced the Pacification of Suffering teachings (zhi byed) to Tibet

4. Ives Waldo Dictionary

ཕ་དམ་པ་སངས་རྒྱས་ [Indian who visited Tibet 7 times, founded zhi byed school and was a teacher of ma gcig lab sgron, founded ding ri slang gor Monastery

ཕ་དམ་པ་སངས་རྒྱས་

5. Jim Valby Dictionary

indian who founded zhi byed school

Phoneme: