Skip to main content Skip to search
pha bong kha/
ID:
T120172
  • ཕ་བོང་ཁ (Tibetan, Tibetan script, Original)
    • >  pha bong kha/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  pabongkha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[1696] 1༽ རྡོ་ཕ་བོང་གི་སྟེང། ... 2༽ སྲོང་བཙན་སྒམ་པོས་ལྷ་ལྡན་གཙུག་ལག་ཁང་ཕྱག་མ་བཏབ་གོང་དུ་སྐྱིད་ཆུའི་ཀླུང་ཐང་གི་ནུབ་བྱང་རི་འདབས་སུ་གསར་རྒྱག་བྱས་པའི་སྒྲུབ་གནས་ཤིག་...

2. Thupten Phuntsok Dictionary

(1)རྡོ་ཕ་བོང་གི་སྟེང་། (2)ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་ལྡན་གཙུག་ལག་ཁང་ཕྱག་མ་བཏབ་གོང་དུ་སྐྱིད་ཆུའི་ཀླུང་ཐང་གི་ནུབ་བྱང་རི་འདབས་སུ་གསར་རྒྱག་བྱས་པའི་སྒྲུབ་གནས་ཤིག

3. dung dkar bod rig pa'i tshig mdzod chen mo

ཕ་བོང་ཁའམ་སྐུ་མཁར་མ་རུ་ནི་གྲོང་ཁྱེར་ལྷ་སའི་བྱང་ངོས་སུ་སྤྱི་ལེ་བརྒྱད་ཙམ་འདས་པ་ན་(དབུ་གདུགས་རི)ཡི་ལྷོ་ངོས་རི་འདབས་སུ་གནས་ལ། མཐའ་འཁོར་གདུགས་དང་རྒྱལ་མཚན་སོགས་ས་བྱད་བཟང་པོས་རྣམ་པར་མཛེས་ཞིང་། གཙོ་བོའི་འཛུགས་སྐྲུན་སྐུ་མཁར་མ་རུ་ནི་ཤིན་ཏུ་ཆེ་བའི་རུས་སྦལ་མོའི་དབྱིབས་ཅན་རྡོ་ཕ་བོང་གི་སྟེང་དུ་འགྱིང་ངེར་གནས། རྡོ་ཕ་བོང་དེ་ནི་ས་ངོས་ལས་སྤྱི་ཁྲེ་ཉི་ཤུ་ཙམ་གྱིས་མཐོ་ཞིང། རྒྱ་ཁྱོན་སྤྱི་ཁྲེ་སུམ་བརྒྱ་ཙམ་ཡོད་པ་དང། མཐའ་འཁོར་གཡང་གཟར་ཆེ། ཕ་བོང་ཁའི་འཛུགས་སྐྲུན་གྱི་བཟོ་དབྱིབས་ནི་ལྷོ་ངོས་སྒོར་དབྱིབས་དང། བྱང་ངོས་གྲུ་བཞིའི་དབྱིབས་དང་ལྡན་པ། སྒོ་བྱང་བལྟ་རྡོ་སྐས་རིམ་པ་དང་ལྡན་པ་སོགས་གནའ་རབས་འཛུགས་སྐྲུན་གྱི་དམིགས་བསལ་ཁྱད་ཆོས་ངོ་མཚར་དང་ལྡན་པ་མིག་ལམ་དུ་མངོན་ཐུབ། སྐུ་མཁར་མ་རུ་ནི། ཕ་བོང་ཁའི་དཀར་ཆག་ནང་གསལ་བར། གནའ་དུས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་བལ་བཟའ་ཁྲི་བཙུན་གྱིས་ལྷ་ས་གཙུག་ལག་ཁང་བཞེངས་པར་དགོངས་ནས་རྒྱ་མོ་བཟར་རྩིས་བརྩིས་པས་རྒྱ་བཟས་བོད་ཀྱི་ས་དབྱིབས་འདི་སྲིན་མོ་གན་རྐྱལ་དུ་ཉལ་བའི་དབྱིབས་སུ་གཟིགས་ཤིང། ཁྱད་པར་འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག་ལྟ་བུར་ཡོད་པ་འདི་ཡི་གེགས་སེལ་ཆེད་དུ་མཚོ་སྲུབ་ནས་ལྷ་ཁང་བཞེངས་དགོས་པར་ལུང་བསྟན་པ་ལྟར་མཛད་པའི་ལྷ་ཁང་ཉིན་མོ་མིས་བཞེངས་པ་མཚན་མོ་ལྷ་འདྲེས་བཤིགས་ནས་བརྩིགས་མ་ཐུབ་པས་སླར་ཡང་རྒྱ་མོ་བཟའ་ལ་རྩིས་བརྩིས་པས་གནས་མཆོག་འདི་ཉིད་དུ་ས་བདག་གསེར་གྱི་རུལ་སྦལ་གྱི་དབྱིབས་ཕ་བོང་ཆེན་པོ་འདིའི་སྟེང་དུ་རྒྱལ་པོའི་ཕོ་བྲང་ཞིག་བཞེངས་དགོས་པར་བསྟན་པ་ལྟར་སོ་ཕག་ཁྲོ་ཆུས་བསྡམས་པ་ལས་དགུ་བརྩེགས་བཞེངས། ཕྱོགས་བཞིར་མི་འགྱུར་བའི་ལྕགས་ཐག་བཞིས་བརྟན་པར་བྱས་ཞེས་འཁོད་པར་གཞིགས་ན་ཕོ་བྲང་འདི་ལྷ་ས་གཙུག་ལག་ཁང་གི་སྔོན་དུ་བཞེངས་པར་ངེས། དེར་ཆོས་རྒྱལ་ཡབ་ཡུམ་རྣམས་ལོ་གསུམ་ཙམ་བསྒྲུབ་པ་མཛད་ནས་དམ་བཅའ་བ་གནང་ཞེས་དང། ཡང་བཤད་སྲོལ་གཞན་ཞིག་ལ་ཉིན་ཞིག་གི་ཞོགས་པ་སྲོང་བཙན་སྒམ་པོ་དང་བློན་པོ་རྣམས་ཕོ་བྲང་དཀར་པོའི་ཡང་སྟེང་དུ་ཕེབས་ནས་ཕྱོགས་བཞིའི་ཡུལ་ལྗོངས་ལ་གཟིགས་ཞིབ་གནང་སྐབས་གློ་བུར་དུ་བྱང་ངོས་ཀྱི་བདེ་མཆོག་རི་འདབས་ཀྱི་ལྗོན་ཤིང་གི་ཁྲོད་དུ་ནག་རིལ་ཆེན་པོ་ཞིག་ཡོད་པ་གཟིགས་ནས་རྒྱལ་བློན་ཐམས་ཅད་ངོ་མཚར་ཆེན་པོ་སྐྱེས། ཕྱི་ཉིན་སྲོང་བཙན་བློན་པོ་འགའ་དང་མཉམ་དུ་བདེ་མཆོག་རིར་ཕེབས་སྐབས་དངོས་པོ་ནག་རིལ་དེ་ནི་ཐག་ཞགས་ཁ་ཤས་ཀྱིས་འཇལ་ཐུབ་ཙམ་ཡོད་པའི་རྡོ་ནག་རུས་སྦལ་དང་འདྲ་བ་ཞིག་ཡིན། སྲོང་བཙན་ཐུགས་དགྱེས་ནས། ངས་རྒྱ་གར་ནས་ཕེབས་གྲབས་ཡོད་པའི་ཐུ་མི་སམ་བྷོ་ཊ་མཆོག་ལ་ཕོ་བྲང་ཞིག་བཞེངས་ནས་བོད་ཡིག་གསར་གཏོད་གནང་བའི་མཐུན་རྐྱེན་བསྐྲུན་དགོས་པས། ས་འདི་ནི་དབེན་ཞིང་ཉམས་དགའ་བ་ཞིག་འདུག་ལ་རུས་སྦལ་འདི་ཡང་ངོ་མཚར་ཅན་ཞིག་འདུག་པས་ད་ནི་རྡོ་འདིའི་སྟེང་དུ་ཕོ་བྲང་ཞིག་བཞེངས་ཆོག་ཅེས་གསུངས་པ་དང། བཙན་པོས་བཀའ་ཕབ་མ་ཐག(སྐུ་མཁར་མ་རུ)བཞེངས་པའི་ལས་འགོ་ཚུགས། དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་དེ་གའི་ལས་མི་ཚོས་འབད་པ་ཆེར་བསྐྱེད་ཀྱིས་བཙན་པོས་གཏན་འཁེལ་གནང་བའི་ཐིག་ཚད་ལྟར་རྩིག་རྨང་བརྐོས་ཤིང་གྱང་བརྩིགས། དེའི་ཐོག་ཁྲོ་ཆུ་འཁོལ་མ་བླུགས་ནས་རྡོ་དང་བརྩིགས་པ་ཡུག་གཅིག་ཏུ་སྦྲེལ། དེ་ནས་རིམ་པ་རེ་རེ་བཞིན་རྩིག་པ་བསླངས་ཐོག་བརྩེགས་དགུཡོད་པའི་ཕོ་བྲང་ཞིག་མགྱོགས་མྱུར་དུ་རྡོ་ཡི་རུལ་སྦལ་གྱི་སྒལ་པའི་སྟེང་དུ་འགྱིང་ངེར་བཞེངས། ཕོ་བྲང་བཞེངས་ནས་ཡུན་རིང་མ་སོང་བར་ཐུ་མི་སམ་བྷོ་ཊ་རྒྱ་གར་ནས་ལྷ་སར་ཕྱིར་ཕེབས་པ་དང། ཆོས་རྒྱལ་སྲོང་བཙན་སྒམ་པོས་ད་ཁྱེད་ཕེབས་པ་ཡག་བྱུང་ལམ་སེང་སྐུ་མཁར་དུ་ཕེབས་ཤིག བོད་ཡིག་གསར་དུ་གཏོད་པའི་ལས་འགན་དེ་ཁྱེད་ཀྱིས་བསྣམས་དགོས་པས་ཁྱེད་ཉིད་གཅིག་པུ་ཡིན་སྙམ་པའི་སྐྱོ་ཤས་གནང་མི་དགོས། ངས་ཀྱང་ནམ་ཡང་ཁྱེད་ཀྱི་བྱ་གཞག་ལེགས་འགྲུབ་ཡོང་བའི་སྨོན་ལམ་འདེབས་ཆོག་ཅེས་གསུངས་པ་ལྟར་རྒྱ་གར་ཡིག་གཟུགས་ལྷའི་དཔེར་བྱས་ནས་བོད་ཀྱི་དབུ་ཅན་བྲིས་ཏེ་རྟེན་འབྲེལ་སླད་དུ་ཡི་གེ་དྲུག་མའི་གཟུངས་ཐུ་མི་རང་ཉིད་ཀྱིས་ཐོག་མར་བྲིས་ཏེ་རྒྱལ་པོ་ལ་ཡི་གི་གཟིགས་ཕུད་དུ་ཕུལ་བ་དེ་ཉིད་རྡོ་བརྐོས་སུ་མཛད་པ་ད་ཆ་ཕ་བོང་ཁའི་རིགས་གསུམ་ལྷ་ཁང་དུ་བཞུགས་ཡོད། རྒྱལ་བློན་གཉིས་ཕོ་བྲང་འདི་རུ་བཞུགས་ནས་ལོ་མང་པོའི་བར་རང་གི་ཡི་གེ་དང་རིག་གནས་ཐམས་ཅད་མཁས་པར་སྦྱངས། མངའ་འོག་པ་ཀུན་ལའང་མཁས་པར་བསླབ་ཏུ་བཅུག་སྟེ་བོད་ཡིག་ཐོག་མར་སྤེལ་བར་མ་ཟད། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡབ་ཡུམ་བློན་འབངས་རྣམས་ཀྱིས་གནས་འདིར་བཞུགས་ནས་མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་གཏོད་དེ་བོད་འབངས་རྣམས་ཆོས་ལ་བསྐུལ། མདོ་རྒྱུད་ཉེར་གཅིག་སོགས་རྒྱ་གར་ནས་གདན་དྲངས་པ་རྣམས་བསྒྱུར། སྒྲ་མདོ་གསུམ་དང། ཀུན་ཏུ་བཟང་པོའི་བསྟན་བཅོས་བརྒྱད་བཅས་བརྩམས། རྗེ་འདི་ཉེད་ཀྱི་སྐུ་དུས་རྒྱལ་པོ་རང་ཉིད་ཀྱི་ཐུགས་བཅུད་ཕྱུང་བའི་བཀའ་འབུམ་རིན་པོ་ཆེར་བཞུགས་པའི་བསྐྱེད་རྫོགས་སྐོར་སོགས་ཉམས་སུ་བཞེས་པ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བར་དུས་སྐབས་དེའི་རིང་གོས་དཀར་ལྕང་ལོའི་ཕྲེང་བ་འཆང་བ་རྒྱ་ཕྲག་དུ་མས་བསྒྲུབ་པ་མཛད་ནས་བཞུགས། ཁྱད་པར་བོད་རྗེ་ཁྲི་སྲོང་ལྡེ་བཙན་སྐབས་སད་མི་བདུན་རབ་ཏུ་བྱུང་བ་ནས་གནས་འདིར་དགེ་འདུན་གྱི་སྡེ་ཆགས་ཤིང། དེ་ནས་རབ་བྱུང་བ་མང་པོ་རྒྱུན་དུ་བཞུགས་ནས་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་དར། མངའ་བདག་ཁྲི་རལ་བར་གྱི་མི་རབས་མང་པོར་མདོ་སྔགས་ཀྱི་ཆོས་ཚུལ་རྨད་དུ་བྱུང་བ་དར་རྒྱས་ཆེ་བ་བྱུང་ཡང་། གླང་དར་མས་སངས་རྒྱས་ཀྱི་བསྟན་པ་སྣུབས་པའི་སྐབས་ཐོག་མར་གནས་འདིའི་དགེ་འདུན་གྱི་སྡེ་རྣམས་ཕྱིར་བསྐྲད་ནས་ཕོ་བྲང་དགུ་བརྩེགས་ཀྱང་མེར་བསྲེགས། རྗེས་སུ་བཀའ་གདམས་སྐུ་མཆེད་གསུམ་གྱི་ནང་ཚན་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོས་སློབ་མ་བཀའ་བབས་མིང་ཆེན་བརྒྱད་ཀྱི་ནང་ཚན་མཆོད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ་འདྲེན་ནུས་པའི་བཀའ་བབས་པ་དགེ་བཤེས་བྲག་དཀར་བ་དང་འགྲོགས་ནས་གནས་དེར་ཕེབས་ཚེས་བཅུ་ཕུག་དུབཞུགས་ནས་་བྲག་དཀར་བ་ལ་གདམས་པ་མང་པོ་གནང་བ་དང། སྒྲུབ་གནས་ཁྱད་པར་ཅན་འདི་ཉམས་རྒུད་གྱུར་པས་ཕ་བོང་ཁ་འདིར་དགེ་འདུན་གྱི་སྡེ་ཚུགས་ལ་བསྟན་པ་དར་བ་གྱིས། བོད་འབངས་སེམས་ཅན་ལ་བདེ་སྐྱིད་འབྱུང་བ་ཞེས་ལུང་བསྟན་པ་ལྟར་བྲག་དཀར་བས་བཀའ་དང་དུ་བླངས་ནས་ཚེས་བཅུ་ཕུག་ཏུ་སྒྲུབ་པ་ཡུན་རིང་མཛད། སློབ་མའི་ཚོགས་མང་དུ་འདུས། སྔར་གྱི་ཕོ་བྲང་གི་ཤུལ་དེར་འདུ་ཁང་ཉིས་ཐོག་ཅིག་བཞེངས་པ་དང། དགེ་འདུན་གྱི་སྡེ་བཙུགས་པས་རབ་བྱུང་ངུར་སྨྲིག་འཛིན་པ་སུམ་བརྒྱ་ལྷག་ཙམ་འདུས། ཐེག་པ་ཆེ་ཆུང་གི་ཆོས་ལ་ཉན་བཤད་རྒྱ་ཆེར་མཛད། དེ་ནས་ཕ་བོང་ཁ་ཆེན་པོ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་གདན་སར་ཕེབས། ཚོགས་པ་བཞི་བརྒྱ་ཙམ་འདུས་ནས་དགུང་ལོ་བརྒྱ་དང་བཅུ་བཞུགས་པ་སོགས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཤ་སྟག་གདན་རབས་བདུན་ཙམ་ཕེབས་ནས་བཀའ་གདམས་པའི་བཞེད་སྲོལ་རྨད་དུ་བྱུང་བ་ཞུགས། ཐེག་ཆེན་གྱི་སྟོད་ངོས་ཀྱི་མཆོད་རྟེན་བརྒྱ་རྩ་བརྒྱད་བཀའ་གདམས་པ་རྣམས་ཀྱིས་བཞེངས་ཤིང། དགེ་བའི་བཤེས་གཉེན་རྣམས་ཀྱི་གདུང་དང་རིང་བསྲེལ་བཞུགས་པའི་བྱིན་ཅན་ཤ་སྟག་དང། བཀའ་གདམས་པ་རྣམས་ཀྱི་ཆོས་གསུང་དུས་ཀྱི་ཁྲི་སོགས་ཀྱང་ཡོད། དེ་ནས་སྐབས་ཤིག་རིང་གནས་འདིར་ཉམས་ཆགས་བྱུང་ཡང། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་རྒྱ་ཡུལ་དུ་ཕེབས་སྐབས་མར་ཞོར་གནས་འདིར་ཆེད་ཕེབས་ཀྱིས་ཞིག་གསོ་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་བོད་ཡོངས་ལ་ལུགས་ཟུང་གིས་དབང་བསྒྱུར་བའི་རིང་མཆོག་ཉིད་ནས་གནས་འདིར་ཕོ་བྲང་གསུམ་ཐོག་དང། འཁོན་སྟོན་རིན་པོ་ཆེའི་སྐུ་བརྙན་མི་ཚད་མ་བཞེངས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་གནས་འདིར་ཆེད་མངགས་ཞབས་ཀྱིས་བཅགས་ཤིང། བསྙེན་སྒྲུབ་ཀྱི་སྐུ་མཚམས་སོགས་ཐུགས་དམ་ཉམས་བཞེས་རྒྱུན་མི་ཐུང་བར་མཛད། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཕོ་བྲང་མི་འགྱུར་བྱམས་པ་གླིང་དུ་ཡུམ་གྱི་མངལ་དུ་ལྷུམས་སུ་བཞུགས་པ་དང་དུས་མཉམ་པར་རྡོའི་ལྡེབས་ལ་འོད་དཔག་མེད་ཀྱི་སྣང་བརྙན་ཞིག་རི་མོ་ཧ་ཅང་མི་གསལ་བ་ལྟ་བུ་བྱུང་ཞིང། ཇི་ལྟར་མངལ་དུ་གཞོན་ནུས་འཕེལ་བ་དེ་ལྟར་རྡོའི་སྣང་བརྙན་ཡང་རིམ་བཞིན་གསལ་བར་བྱོན་ཏེ་ཆོས་རྒྱལ་གྱི་མཚན་དཔེའི་སྐུ་མཆོག་མངལ་གྱི་སྦུབ་ལས་གྲོལ་མ་ཐག་རྡོ་སྐུ་རིན་པོ་ཆེའང་མཚན་དཔེའི་སྣང་བརྙན་གསལ་པོར་ཀུན་གྱི་འདྲེན་བྱེད་ལམ་དུ་གསལ་བ་ཞེས་བཤད་སྲོལ་ཡོད་པ་དེ་ཡང་ཕོ་བྲང་གི་རྟེན་གཙོར་བཞུགས། ཕ་བོང་གི་བྱང་ངོས་སུ་ཚེས་བཅུ་ལྷ་ཁང་དུ་གྲགས་པའི་ཕུག་པར་གནས་འདིའི་སྒོ་སྲུང་ཡིན་ཟེར་བའི་དཔལ་ལྡན་ལྷ་མོ་གཙོ་འཁོར་གསུམ་སྣང་བརྙན་རང་བྱོན་དུ་ཡོད་ཅིང། དེར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡབ་ཡུམ་དང་མཁན་ཆེན་བྷོ་ཏི་ས་ཏྭ། སློབ་དཔོན་པདྨ་སམ་བྷ་བ་བཅས་ཀྱང་དངོས་སུ་ཞབས་ཀྱིས་བཅགས་པ་ཡིན་ཟེར། གཞན་ཡང་ལྷ་བཞི་ཐིམ་པ་ཡིན་ཟེར་བའི་རྡོ་སྐུ་སྤྱན་རས་གཟིགས་སོགས་ཁྱད་འཕགས་ངོ་མཚར་ཅན་གྱི་སྐུ་གསུང་ཐུགས་ཀྱི་རྟེན་མང་དག་ཅིག་བཞུགས། དེང་སང་སྐུ་མཁར་མ་རུ་ཐོག་རྩེག་དགུ་ཡོད་པའི་ཕོ་བྲང་མཐོང་རྒྱུ་མེད་རུང་རྡོ་ནག་གི་རུས་སྦལ་མོའི་དབྱིབས་ནི་སྔར་བཞིན་བསྡད་ཡོད་པ་དེའི་ཐོག་གྱང་རོའང་མཐོང་རྒྱུ་ཡོད་པ་དེ་ལས་སྐུ་མཁར་མ་རུ་ཞེས་པ་ལོ་རྒྱུས་ཐོག་ཇི་ལྟར་བྱུང་བ་མངོན་ཐུབ། གཞན་ཡང་རིགས་གསུམ་ལྷ་ཁང་གི་ཉེ་ཁུལ་དུ་ཆུ་མིག་རང་འདོན་ཟེར་བ་ཞིག་ཡོད་པ་དེ་ནི་སྲོང་བཙན་སྒམ་པོ་ཐོག་མར་ས་འདིར་ཞབས་བཅགས་སྐབས་ཞབས་འོག་ནས་རང་བཞིན་གྱིས་ཐོན་པ་རེད་ཅེས་བཤད་སྲོལ་ཡོད་ཅིང། ཆུ་མིག་དེ་ནས་ཆུ་མི་གཅིག་གིས་འཐུང་ན་ལྡང་ཙམ་དང། ཡང་མི་སྟོང་ཕྲག་གཅིག་གིས་བཏུངས་ཀྱང་ལྡང་བ་བཅས་ཐུན་མོང་མ་ཡིན་པའི་ཆུ་མིག་ཅིག་ཡིན་ཅེས་བཤད་སྲོལ་ཡོད། སྤྱིར་ན། ཕ་བོང་ཁ་ཞེས་པའི་གནས་ཁྱད་པར་ཅན་འདི་ནི་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་མཚམས་བཞུགས་གནས་དང། ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་མཛད་གནས། ཆོས་སྒྱུར་གྱི་གནས་དང་པོ། བོད་རྗེ་བློན་འབངས་ཡོངས་ཀྱི་ཡི་གེ་སློབ་འགོ་ཚུགས་པའི་གནས། པུར་རྒྱལ་སྐབས་ཐོག་བརྩེགས་དགུ་ཐོག་གི་ཨར་ལས་འཛུགས་སྐྲུན་སྤེལ་ཡུལ་དང་པོ་ཡིན་ལ། རྒྱལ་པོའི་ཕོ་བྲང་ཡིན་ལ་ལྷ་ཁང་ཡང་ཡིན་པ་བཅས་ཀྱི་ཁྱད་ཆོས་བརྗོད་ཀྱིས་མི་ལངས། ད་ལྟའང་རྒྱལ་ཁམས་ཕྱི་ནང་ཀུན་གྱི་སྐྱེ་འགྲོ་མི་ཉུང་བ་ཞིག་གིས་ཁྱད་པར་ཅན་གྱི་གནས་འདིར་མཇལ་བར་ཡོང་མཁན་ཟམ་མི་ཆད་པར་ཡོད།

4. smon lam tshig mdzod chen mo

1.རྡོ་ཕ་བོང་གི་སྟེང༌།

2.སྲོང་བཙན་སྒམ་པོས་ལྷ་ལྡན་གཙུག་ལག་ཁང་ཕྱག་མ་བཏབ་གོང་དུ་སྐྱིད་ཆུའི་ཀླུང་ཐང་གི་ནུབ་བྱང་རི་འདབས་སུ་གསར་རྒྱག་བྱས་པའི་སྒྲུབ་གནས་ཤིག

5. Rangjung Yeshe Dictionary

Songtsen Gampo's hermitage

6. Ives Waldo Dictionary

1) rdo pha bong gi steng; 2) king Srong btsan sgam po's hermitage [R]

1) rdo pha bong gi steng; 2) king Srong btsan sgam po's hermitage

Phoneme: