Skip to main content Skip to search
bang so/
ID:
T128533
  • བང་སོ (Tibetan, Tibetan script, Original)
    • >  bang so/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  bangso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[1810] རོ་ཁང་ངམ་རོ་སྦེད་ས། ... དཔའ་བོའི་བང་སོ་ལ་མེ་ཏོག་ཕུལ་བ། ...

2. Thupten Phuntsok Dictionary

རོ་ཁང་ངམ་རོ་སྦེད་ས། དཔའ་བོའི་བང་སོ་ལ་མེ་ཏོག་ཕུལ་བ།

3. dag yig gsar bsgrigs

མི་ཤི་བའི་བེམ་པོ་སྦེད་སའི་གནས་ཀྱི་མིང་། འདི་ལ་བངས་སོ་འབྲི་བ འ ང་ཡོད།

4. dung dkar bod rig pa'i tshig mdzod chen mo

གནའ་རབས་བོད་དུ་མི་ཤི་བའི་རྗེས་སུ་རོ་སྦ་སའི་དུར་ཁང་བརྩིགས་པའམ། དུར་ཁུང་བྲུས་ནས་འཇོག་པ་ལ་ཟེར་། བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། རྒྱལ་པོ་གྲི་གུམ་བཙན་པོ་བློན་པོ་ལོ་ངམ་གྱིས་བཀྲོངས་རྗེས་སྤུར་བྱུང་བ་ནས་བང་སོ་རྩིག་སྲོལ་བྱུང་བ་ལས་། དེ་ཡན་ཆད་གནམ་གྱི་ཁྲི་བདུན་ལ་བང་སོ་ངོ་མ་མེད་པར་བཤད་པ་བོན་ཆོས་ཀྱི་ལོ་རྒྱུས་ཐོག་བཤད་ཚུལ་ཙམ་ལས། དོན་དངོས་སུ་བང་སོ་ས་གནས་གང་དུ་ཡོད་མེད་མི་གསལ་ཞིང་། རྒྱལ་རབས་བརྒྱད་པ་རྒྱལ་པོ་གྲི་གུམ་བཙན་པོ་བློན་པོ་ལོ་ངམ་གྱིས་བཀྲོངས་རྗེས་སྤུར་མྱང་ཆུའི་ནང་དུ་དོར་བ་ཀོང་ཆུ་བརླག་བར་ཁྱེར་ཏེ་དེར་མི་ཚང་ཞིག་གི་བང་མཛོད་ཉར་བ་དང་།སྲས་འབྲིང་བ་བྱ་ཁྲིས་བླུས་ཏེ་ཀོང་པོ་ནས་ཡར་ལུང་དུ་གདན་དྲངས། འཕྱིང་ཡུལ་ངར་ཐང་(དར་ཐང་)ཞེས་དེང་སང་འཕྱོང་རྒྱས་འཕྱིང་བར་སྟག་རྩེ་ཡོད་སའི་རྒྱུད་ཀྱི་ཐང་ཆེན་ཞིག་ཏུ་བང་སོ་བརྩིགས་པར་བཤད། <<རྒྱ་བོད་ཡིག་ཚང་>> ལས་ཀོང་ཡུལ་གསེ་མོ་ཕོག་ཏུ་བང་སོ་བརྩིགས་པར་བཤད། ད་དུང་ལོ་རྒྱུས་ཡིག་རྙིང་གཞན་དག་ནས་ཀྱང་ཀོང་ཡུལ་ཆ་དཀར་གསེ་མོ་ཕུག་ཏུ་བང་སོ་བརྩིགས་པར་བཤད་པར་རྣམས་བསྡུར་ན་ཐོག་མར་བང་སོ་ཀོང་པོར་བརྩིགས། རྗེས་སུ་འཕྱོང་རྒྱས་འཕྱིང་ཡུལ་དུ་གདན་དྲངས་པ་མིན་ནམ་སྙམ་པ་དང་། དེ་ནས་སྟོད་ཀྱི་སྟེང་གཉིས་ཀྱི་བང་སོ་རྫ་དང་གཡའ་ལ་བཏབ་ཅེས་པ་ཙམ་ལས་ས་གནས་གང་དུ་ཡོད་མེད་དང་། བཟོ་དབྱིབས་ཀྱང་ཇི་འདྲ་ཡིན་མིན་བཅས་གསལ་པོ་བཤད་པ་ཞིག་མི་སྣང་། དེ་བཞིན་དུ་སའི་ལེགས་དྲུག་གི་བང་སོ་གཡའ་སྤང་འདྲེས་མཚམས་སུ་ཡོད་པ་དང་།བར་གྱི་ལྡེ་བརྒྱད་ཀྱི་བང་སོ་ཆུ་བོའི་གཞུང་ལ་བཏབ་ཅེས་པ་ཙམ་ལས་མི་གསལ། བཙན་ལྔའི་བང་སོ་ནི་འཕྱིང་ཡུལ་ཏེ་འཕྱོང་རྒྱས་སུ་ཡོད་པ་དང་། དེའི་བཟོ་དབྱིབས་ནི་ས་ཕུང་སྤུངས་པ་ལྟ་བུ་ཞིག་ལས་དམིགས་བསལ་གྱི་བཟོ་དབྱིབས་གང་ཡང་མེད་པར་བཤད་། དེ་ནས་ཁྲི་གཉན་གཟུངས་བཙན་གྱི་བང་སོ་ནི་འཕྱོང་རྒྱས་དོན་མཁར་མདར་ཡོད་པ་དང་། བཟོ་དབྱིབས་མེད་པའི་ས་ཕུང་ལྟ་བུ་ཞིག་ཡིན་པར་བཤད་། འབྲོ་གཉན་ལྡེའུ་ལ་མཛེ་ནད་བྱུང་ནས་གསོན་པོར་དུར་དུ་བཞུགས་པའི་བང་སོ་ནི་གསོན་པོའི་བང་སོ་ཡིན་སྟབས་ས་ཚྩ་དང་གུར་གྱི་བཟོ་དབྱིབས་དང་འདྲ་བར་ཟླུམ་པོ་ཞིག་ཞང་མདའ་ཟེར་བའི་ས་གནས་དུ་ཡོད་པར་བཤད་། སྟག་རི་གཉན་གཟིགས་ཀྱི་བང་སོ་ནི་དོན་མཁར་མདའི་མེས་པོ་ཁྲི་གཉན་གཟུངས་བཙན་གྱི་བང་སོའི་གཡོན་ཕྱོགས་སུ་ཡོད་པ་དེ་བཟོ་དབྱིབས་དམིགས་བསལ་མེད་པའི་ས་ཁུང་ལྟ་བུ་ཞིག་ཡིན་པ་དང་། བང་སོ་དེའི་འོག་ན་བཙུན་མོ་འབྲོ་བཟའ་སྨན་བཙུན་དང་། བློན་པོ་མོན་བུ་རྒྱལ་མཚན་གཉིས་ཀྱི་བང་སོ་ས་ཁུང་གཉིས་ཡོད་པར་བཤད་། རྒྱལ་པོ་གནམ་རི་སྲོང་བཙན་གྱི་བང་སོ་ནི་དོན་མཁར་མདར་བརྩིགས་པའི་ཁྲི་གཉན་གཟུངས་བཙན་གྱི་བང་སོའི་གཡས་ངོས་སུ་ཡོད་པ་དང་། བཟོ་དབྱིབས་གྲུ་བཞི་སོག་ཀའི་དབྱིབས་ཏེ་ལུག་གི་སོག་པའི་རུས་ལེབ་དང་འདྲ་བར་སྒབ་ཆེ་མགོ་ཆུང་ཞིག་ཡོད་ཅིང་། བང་སོ་མུ་བཞིར་བརྩིགས་པའི་ལུགས་སྲོལ་དེ་ནས་བྱུང་བ་ཡིན་པར་བཤད། རྒྱལ་པོ་སྲོང་བཙན་སྒམ་པོ་ནས་རལ་པ་ཅན་བར་གྱི་བང་སོ་ནི་འཕྱོང་རྒྱས་སུ་ཡོད་པ་དང་། ཚང་མའི་བཟོ་དབྱིབས་གྲུ་བཞི་མ་ཤ་སྟག་ཡིན་པའི་ཐོག་སྲོང་བཙན་སྒམ་པོའི་བང་སོ་ནི་ཕྱི་དབྱིབས་གྲུ་བཞི། ནང་དུ་ལྷ་ཁང་ལྔ། དབུས་སུ་རིང་ཚད་ཁྲེ་ཙེ་བརྒྱད་ཙམ་ཡོད་པའི་བྱུ་རུའི་སྡོང་པོ་དང་། རྒྱལ་པོ་དང་། རྒྱ་བཟའ། བལབཟའ་བཅས་གསུམ་གྱི་འཇིམ་སྐུ་བཞུགས་ཤིང་། ཟུར་བཞིའི་མཆོད་ཁང་ནང་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་བང་མཛོད་བང་། ནང་གི་འོག་གཞིར་རྡོ་གཅལ་བཏིང་བ། ཕྱི་སྐྱ་གྱང་ས་མཐུག་པོ་བསླངས་ཤིང་། ནང་སྐྱ་རྡོ་རྩིག་ཅན། བང་སོའི་སྒོ་མོ་ནུབ་ཕྱོགས་སུ་བསྟན་པ། བང་སོའི་ཕྱིར་ས་སྨུག་པོ་དང་རྡོ་ཧྲུག་གིས་བཀབ་ནས་རི་ཆུང་དེའུ་འབུར་ཞིག་དང་འདྲ་བར་གྱུར་པ་། དེའི་མཐའ་བསྐོར་དུ་ཞེང་ཚད་གོམ་པ་བརྒྱ་ལྷག་ཙམ་དང་། མཐོ་ཚད་གཞུ་འདོམ་བཅུ་གཉིས། བང་སོའི་རྩེ་མོར་ལྷ་ཁང་ཆུང་ངུ་ཞིག་བཅས་ཡོད་པར་བཤད། འདུས་སྲོང་མང་པོ་རྗེའི་བང་སོའི་ཕྱིར་ལྕགས་རི་ཡོད་པ་དང་། ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་རྩ་བར་རྡོ་རིང་ཡི་གེ་ཅན་ཞིག་ཡོད་པར་བཤད། བང་སོ་དེ་དག་གི་ནང་ནས་སྲོང་བཙན་གྱི་བང་སོ་དང་། མང་སྲོང་གི་བང་སོ་གཉིས་མ་གཏོགས་གཞན་ཚང་མ་འབངས་གྱེན་ལོག་གི་སྐབས་བྲུས་ནས་ཤུལ་མ་གཏོགས་མ་ལུས་པར་བཤད་། ཞིབ་པར་བོན་གྱི་མཁས་པ་ཆེན་པོ་བསྟན་བཛིན་རྣམ་དག་གིས་བརྩམས་པའི་<<སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ་>>དང་། དེ་བཞིན་བང་སོའི་སྐོར་གྱི་ཆེད་རྩོམ་གཞན་དུ་མ་ཡོད་པ་དེ་དག་ལ་གཟིགས།

5. smon lam tshig mdzod chen mo

རོ་ཁང་ངམ་རོ་སྦེད་སའི་མིང་།

6. Negi Tibetan-Sanskrit Dictionary

dra.— སྒོ་ཡི་ལྗོན་པའི་བང་སོ་ལ། /གཏེར་དྲུག་མཐོང་བར་གྱུར་པ་ནི༎ (?) dvāradrumādrivāpīṣu nidhiṣaṭkaṃ sa paśyati

a.ka.160kha/17.43.

7. Dan Martin Dictionary

See chad pa. Blan 296.5. ro khang. dur gnas. Btsan-lha.

8. Rangjung Yeshe Dictionary

grave, burial, tomb; royal tomb; grave, tomb, sepulcher, monument

9. Ives Waldo Dictionary

grave, tomb, sepulchre, monument

10. Jim Valby Dictionary

tomb, grave, monument, royal monument

Central Tibet Collections:
Phoneme: