Skip to main content Skip to search
'brug sgra/
ID:
T140600
  • འབྲུག་སྒྲ (Tibetan, Tibetan script, Original)
    • >  'brug sgra/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  drukdra (Tibetan, Latin script, Transcription-THL Simplified Tibetan Transcription)

metaphorical usage explained in Zhi-byed Coll. I 418.7.

Subjects

sound of thunder. syn: sgra brgya pa dang, rdo rje'i sgra, gnam lcags sgra, sprin gyi sgra, dbyar skyes rnga bcas so

Subjects

sound of thunder

Subjects

thundering

Subjects

འབྲུག་སྐད་ sound of thunder, thunder

Subjects

[2000] འབྲུག་གི་སྐད། ... འབྲུག་སྒྲ་གྲགས་པ། ... གྲགས་ཆེ་འབྲུག་སྒྲ་དང་འདྲ་བ། ... འབྲུག་སྒྲ་འུར་འུར་སྒྲོག་པ། ... འབྲུག་སྒྲ་བརྒྱུད་མར་ལྡིར་བ། ... ནམ་མཁའ་ལ་སྤྲིན་ནག་ལྷོག་ལྷོག་ཁོལ་ཞིང་ཕྱོགས་ཐམས་ཅད་ཀྱང་ངོམ་ནག་ཁོར་ཁོར་བྱེད་ལ། འབྲུག་སྒྲ་ལྡི་རི་རི་བྱེད་པ་དང་ཆབས་ཅིག་རླུང་དྲག་པོ་འུ་རུ་རུ་གཡོ་བ། ... མིང་གི་རྣམ་གྲངས་ལ་སྒྲ་བརྒྱ་པ་དང། རྡོ་རྗེའི་སྒྲ། གནམ་ལྕགས་སྒྲ། སྤྲིན་གྱི་སྒྲ། དབྱར་སྐྱེས་རྔ་བཅས་སོ། 

Subjects

འབྲུག་གི་སྐད། འབྲུག་སྒྲ་གྲགས་པ། གྲགས་ཆེ་འབྲུག་སྒྲ་དང་འདྲ་བ། འབྲུག་སྒྲ་ལྷང་ལྷང་སྒྲོག་པ། འབྲུག་སྒྲ་བརྒྱུད་མར་ལྡིར་བ། ནམ་མཁའ་ལ་སྤྲིན་ནག་ལྷོག་ལྷོག་ཁོལ་ཞིང་ཕྱོགས་ཐམས་ཅད་ཀྱང་ངམ་ནག་ཁོར་ཁོར་བྱེད་ལ། འབྲུག་སྒྲ་ལྡི་རི་རི་བྱེད་པ་དང་ཆབ་ཅིག་རླུང་དྲག་པོ་འུ་རུ་རུ་གཡོ་བ། མིང་གི་རྣམ་གྲངས་ལ་སྒྲ་བརྒྱ་པ་དང་། རྡོ་རྗེའི་སྒྲ། གནམ་ལྕགས་སྒྲ། སྤྲིན་གྱི་སྒྲ། དབྱར་སྐྱེས་རྔ་བཅས་སོ། །

Subjects

གློག་གདགས་སྲིབ་བམ་ཕོ་མོའི་རིགས་ལྡན་པའི་སྤྲིན་ཕུང་གཉིས་ཉེ་བར་གྱུར་སྐབས་སུ་གློག་འཁྱུགས་པ་ལ་བརྟེན་ནས་བྱུང་བའི་སྒྲ་ཆེན་པོ་དེའི་མིང་། དེ་ལ་ཡུལ་སྐད་དུ་འབྲུག་གྲགས་ཟེར་ཞིང་། འབྲུག་སྒྲ་མྱུར་ཞིང་དྲག་པ་ལ་ཐོག་བརྒྱབ་ཟེར།

Subjects

saṃ. meghaśabdaḥ — ཕྲད་ནས་འཛིན་པའི་ཕྱོགས་ལ་ཡང་། /རྣ་བའི་ནང་དུ་སྒྲོའི་སྒྲ་བཞིན། /འབྲུག་སྒྲ་ལ་སོགས་ཤེས་པ་ནི། /ཐ་དད་པར་ནི་འགྱུར་བ་མིན༎ prāptigrahaṇapakṣe tu karṇābhyantarapakṣavat

Subjects

na vicchinna iti jñānaṃ meghaśabdādike bhavet

Subjects

ta.sa.92ka/832; megharavaḥ — སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བརྗོད་པའི་སྤྲུལ་པ་ཟབ་པ་ཡིན་ཏེ། འབྲུག་སྒྲ་ལྟ་བུ་དང buddhabodhisattvānāṃ nirmito vāgvyāhāro gambhīro bhavati megharavaḥ bo.bhū.35kha/45; jīmūtaghoṣaḥ — འབྲུག་གི་སྒྲ་ཉིད jīmūtaghoṣatā abhi.a.12kha/8.28; stanitam — འབྲུག་སྒྲ་འཇིགས་སུ་རུང་བ་བརྒྱུད་མར་གྲག༎ prasaktabhīmastanitānunādāḥ jā.mā.81ka/93; garjitam — བཞད་པ་དང་ནི་རྔ་སྒྲ་དང་། /དྲིལ་བུའི་སྒྲ་དང་འབྲུག་སྒྲ་ཉིད༎ hasitaṃ karma (?tūrya)śabdaṃ ca ghaṇṭādhvanigarjitameva ca sa.du.129kha/240; nigarjitam — དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་རབ་ཏུ་འགྱེད་པའི་ནོར་བུ་རིན་ཆེན་འབྲུག་སྒྲའི་གཙུག་ཕུད་དང sarvatathāgataprabhāmaṇḍalapramuñcanamaṇiratnanigarjitacūḍena ca ga.vyū.275kha/2; gambhīradhvānaḥ—དེ་ལ་གདོན་མི་ཟ་བར་འབྲུག་སྒྲ་ལ་སོགས་པའི་ཆོས་དང་ལྡན་པའི་སྤྲིན་གྱི་རྒྱུ་ཙམ་ལས་ཀྱང་འབྲས་བུ་ཆར་པ་ལ་སོགས་པ་དང་ལྡན་པ་མ་ཡིན་ཏེ tatra nāvaśyaṃ gambhīradhvānādiyuktamapi meghādikāraṇamātraṃ vṛṣṭyādikāryāvirbhāvakam vā.ṭī.54ka/6; ghoṣaḥ — ཆུ་ལྡན་ཆར་སྤྲིན་ཟབ་མོའི་འབྲུག་སྒྲ་ལྡན༎ satoyajīmūtagambhīraghoṣam a.ka.254ka/93.63;

Subjects

nā. meghasvaraḥ, buddhaḥ — བཅོམ་ལྡན་འདས་པད་མའི་བླ་མ་དང… འབྲུག་སྒྲ་དང… འོད་སྲུང་གིས་ཀྱང bhagavatā padmottareṇa ca…meghasvareṇa ca…kāśyapena ca la.vi.4ka/4.

Subjects

གློག་གདགས་སྲིབ་བམ་ཕོ་མོའི་རིགས་ལྡན་པའི་སྤྲིན་ཕུང་གཉིས་ཉེ་བར་གྱུར་སྐབས་སུ་གློག་འཁྱུགས་པ་ལ་བརྟེན་ནས་བྱུང་བའི་སྒྲ་ཆེན་པོ་དེའི་མིང་། དེ་ལ་ཡུལ་སྐད་དུ‘འབྲུག་གྲགས’ཟེར་ཞིང་། འབྲུག་སྒྲ་མྱུར་ཞིང་དྲག་པ་ལ་ཐོག་བརྒྱབ་ཟེར།

Subjects

Other Dictionaries

Other Dictionaries

Phoneme: