Skip to main content Skip to search
ma gcig lab sgron/
ID:
T143019
  • མ་གཅིག་ལབ་སྒྲོན (Tibetan, Tibetan script, Original)
    • >  ma gcig lab sgron/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  machik lapdrön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་དང་པོའི་ཤིང་ལུག་སྤྱི་ལོ་༡༠༥༥ལོར་གཡེ་ལབ་གྱི་གྲོང་ཚོ་མེར་མོ་ཞེས་པར། ཡབ་ཆོས་བླ་དང་། ཡུམ་ཀླུངས་མོ་འབུམ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་གྲྭ་མངོན་དབང་ཕྱུག་འབར་བ་ལས་རབ་ཏུ་བྱུང་། བོད་དུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཅེས་གྲགས་པ་ལས་གཅོད་ཡུལ་བའི་སྲོལ་འབྱེད་ཀྱི་སློབ་དཔོན་གཙོ་བོ་ཞིག་ཏུ་གྱུར། དགུང་ལོ་སོ་བདུན་པ་སྤྱི་ལོ་༡༠༩༡ལོར་ཟངས་རི་མཁར་དམར་དུ་གདན་ས་བཏབ། དགུང་ལོ་གོ་དགུ་པ་སྤྱི་ལོ༡༡༥༣ལོར་སྐུ་གཤེགས་པར་བཤད། དེབ་སྔོན་དང་། མཁས་པའི་དགའ་སྟོན་རྣམས་ལས་དགུང་ལོ་གོ་ལྔ་པར་སྐུ་གཤེགས་པར་བཤད།

2. dung dkar bod rig pa'i tshig mdzod chen mo

འདི་ཉིད་རབ་བྱུང་གཉིས་པའི་ཆུ་ལུག་(༡༡༠༣)ལོར་སྐུ་འཁྲུངས། ཤིང་རྟ་ལོར་དགེ་བཤེས་ཨ་སྟོན་ལས་གསན་སྦྱོང་མཛད། དེ་རྗེས་ཕ་དམ་པ་སངས་རྒྱས་བསྟེན་ནས་ཞི་བྱེད་གཅོད་ཀྱི་གདམས་པའི་བདག་པོར་གྱུར། རབ་བྱུང་གསུམ་པའི་ཤིང་འབྲུག་(༡༡༨༤)ལོའི་ཟླ་གསུམ་པའི་ཚེས་བཅུར་གཡའ་རིའི་རྨོག་ལུང་དུ་གཏེར་སྦས། འདི་ཉིད་ཀྱིས་མཛད་པའི་གཅོད་གཞུང་ནི། 《གཅོད་གཞུང་བཀའ་རྩོམ་ཆེན་མོ》དང་《ཡང་རྩོམ་》《ཉིང་རྩོམ་》《ལེའུ་ལག་》《གནས་ཐེམ་》《ཁོང་རྒོལ་》《གསང་བ་བརྡ་ཆོས་》《ལ་བཟླས་སྐོར་གསུམ་》《གཞི་ལམ་སློང་བ་》《ཁྱད་པར་གྱི་མན་ངག་》དང་བཅས་བཅུ་ཡོད། མཐར་རབ་བྱུང་གསུམ་པའི་ལྕགས་བྱ་(༡༢༠༡) ལོར་འདས། །

3. Rangjung Yeshe Dictionary

Machik Labdrön. The great female master who set down the Chö practice. Disciple and consort of the Indian master Dam pa sang rgyas

Machig Labdrön. (1031-1129). The great female master who set down the Chö practice, cutting through ego-clinging. Disciple and consort of the Indian master Phadampa Sangye. Machig Labdrön means 'Only Mother Lamp of Dharma.'

4. Ives Waldo Dictionary

Machik Labdron [disciple of phadama sangye and founder of chö)

Machik Labdron

Phoneme: