Skip to main content Skip to search
mi la ras pa/
ID:
T147087
  • མི་ལ་རས་པ (Tibetan, Tibetan script, Original)
    • >  mi la ras pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  mila repa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[2081] ཐོས་པ་དགའ་སྟེ། རབ་བྱུང་དང་པོའི་ལྕགས་འབྲུག་ལོར་ལ་སྟོད་གུང་ཐང་སྐྱ་རྔ་རྩ་རུ་འཁྲུངས། སྔར་མཐུ་བསླབས་ནས་དགྲ་མང་པོ་བསད། སླད་ནས་སྡིག་པ་ལ་འགྱོད་དེ་ཆོས་བྱས་པས་སངས་རྒྱས་པ་ཞིག་སྟེ། ཁོང་གིས་མར་པ་ལོ་ཙཱ་སྙན་གྲགས་ཐོས་ནས་ལྷོ་བྲག་ཏུ་བྱོན། བླ་མས་སྲས་མཁར་དགུ་ཐོག་བརྩིགས་པ་སོགས་ཆོས་ཕྱིར་དཀའ་ཆེན་ལོ་དྲུག་ཟླ་བརྒྱད་ཙམ་སྤྱོད་དུ་བཅུག་མཐར་དབང་དང་གདམས་ངག་རྫོགས་པར་གནང། དགུང་ལོ་ཞེ་ལྔ་པ་ཤིང་བྱི་ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཏེ་ལོ་དགུའི་རིང་ལ་ན་བཟའ་རས་རྐྱང་དང་ཟས་ཟྭ་ཚོད་ཙམ་ལ་བརྟེན་པ་སོགས་དཀའ་སྤྱད་དང་སྙིང་རུས་དྲག་པོས་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས། དེ་ནས་ས་ཕྱོགས་གཞན་དུ་འབྱོན་བཞུད་མཛད་ནས་སྣོད་དུ་རུང་བ་རྣམས་ལ་གསང་སྔགས་ཀྱི་གདམས་པ་གནང། ཉམས་མགུར་མང་དུ་བརྩམས། རས་ཆུང་པ་དང། དྭགས་པོ་ལྷ་རྗེ་སོགས་སློབ་མ་མང་དུ་བསྐྲུན། སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས། རབ་བྱུང་གཉིས་པའི་ཆུ་ཡོས་ལོ་ལ་འདས། ...

2. Thupten Phuntsok Dictionary

ཐོས་པ་དགའ་སྟེ། རབ་བྱུང་དང་པོའི་ལྕགས་འབྲུག་སྤྱི་ལོ༡༠༤༠ལོར་སྟོད་གུང་ཐང་སྐྱ་རྔ་རྩ་རུ་འཁྲུངས། སྔར་མཐུ་བསླབས་ནས་དགྲ་མང་པོ་བསད། སླད་ནས་སྡིག་པ་ལ་འགྱོད་དེ་ཆོས་བྱས་པས་སངས་རྒྱས་པ་ཞིག་སྟེ། ཁོང་གིས་མར་པ་ལོ་ཙཱའི་སྙན་གྲགས་ཐོས་ནས་ལྷོ་བྲག་ཏུ་བྱོན། བླ་མས་སྲས་མཁར་དགུ་ཐོག་བརྩིགས་པ་སོགས་ཆོས་ཕྱིར་དཀའ་ཆེན་ལོ་དྲུག་ཟླ་བརྒྱད་ཙམ་སྤྱོད་དུ་བཅུག་མཐར་དབང་དང་གདམས་ངག་རྫོགས་པར་གནང་། དགུང་ལོ་ཞེ་ལྔ་པ་ཤིང་བྱི་ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཏེ་ལོ་དགུའི་རིང་ལ་ན་བཟའ་རས་རྐྱང་དང་ཟས་ཟྭ་ཚོད་ཙམ་ལ་བརྟེན་པ་སོགས་དཀའ་སྤྱད་དང་སྙིང་རུས་དྲག་པོས་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས། དེ་ནས་ས་ཕྱོགས་གཞན་དུ་འབྱོན་བཞུད་མཛད་ནས་སྣོད་དུ་རུང་བ་རྣམས་ལ་གསང་སྔགས་ཀྱི་གདམས་པ་གནང་། ཉམས་མགུར་མང་དུ་བརྩམས། རས་ཆུང་པ་དང་། སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས། རབ་བྱུང་གཉིས་པའི་ཆུ་ཡོས་སྤྱི་ལོ་༡༡༢༣ལ་འདས།

3. gangs can mkhas grub rim byon ming mdzod

ཁོང་ནི་རྗེ་བཙུན་མི་ལ་རས་པ་དང་མི་གཅིག་ཡིན་པས་དེར་གཟིགས་པར་ཞུའོ། །

4. smon lam tshig mdzod chen mo

ཐོས་པ་དགའ་སྟེ། རབ་བྱུང་དང་པོའི་ལྕགས་འབྲུག་ལོར་ལ་སྟོད་གུང་ཐང་སྐྱ་རྔ་རྩ་རུ་འཁྲུངས། སྔར་མཐུ་བསླབས་ནས་དགྲ་མང་པོ་བསད། སླད་ནས་སྡིག་པ་ལ་འགྱོད་དེ་ཆོས་བྱས་པས་གྲུབ་པའི་གོ་འཕང་མཐོན་པོར་སོན། ཁོང་གིས་མར་པ་ལོ་ཙཱའི་སྙན་གྲགས་ཐོས་ནས་ལྷོ་བྲག་ཏུ་བྱོན། བླ་མས་སྲས་མཁར་དགུ་ཐོག་བརྩིགས་པ་སོགས་ཆོས་ཕྱིར་དཀའ་ཆེན་ལོ་དྲུག་ཟླ་བརྒྱད་ཙམ་སྤྱོད་དུ་བཅུག་མཐར་དབང་དང་གདམས་ངག་རྫོགས་པར་གནང༌། དགུང་ལོ་ཞེ་ལྔ་པ་ཤིང་བྱི་ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཏེ་ལོ་དགུའི་རིང་ལ་ན་བཟའ་རས་རྐྱང་དང་ཟས་ཟྭ་ཚོད་ཙམ་ལ་བརྟེན་པ་སོགས་དཀའ་སྤྱད་དང་སྙིང་རུས་དྲག་པོས་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས། དེ་ནས་ས་ཕྱོགས་གཞན་དུ་འབྱོན་བཞུད་མཛད་ནས་སྣོད་དུ་རུང་བ་རྣམས་ལ་གསང་སྔགས་ཀྱི་གདམས་པ་གནང༌། ཉམས་མགུར་མང་དུ་བརྩམས། རས་ཆུང་པ་དང༌། དྭགས་པོ་ལྷ་རྗེ་སོགས་སློབ་མ་མང་དུ་བསྐྲུན། སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས། རབ་བྱུང་གཉིས་པའི་ཆུ་ཡོས་ལོ་ལ་འདས།

5. Rangjung Yeshe Dictionary

rje mi la bzhad pa rdo rje - lord Mila, the Laughing Vajra

1040-1123; Milarepa

Milarepa. (1040-1123). One of the most famous yogis and poets in Tibetan religious history. Much of the teachings of the Karma Kagyü schools passed through him. For more details read The Life of Milarepa and The Hundred Thousand Songs of Milarepa (Shambhala Publications). His name means 'Cotton-clad Mila.'

Mila the Cotton-clad

6. Ives Waldo Dictionary

Milarepa [tserig). thos pa dga' ste, rab byung dang po'i lcags 'brug lor la stod gung thang skya rnga rtsa ru 'khrungs, sngar mthu bslabs nas dgra mang po bsad, slad nas sdig pa la 'gyod de chos byas pas sangs rgyas pa zhig ste, khong gis mar pa lo tsh'a'i snyan grags thos nas lho brag tu byon, bla mas sras mkhar dgu thog brtsigs pa sogs chos phyir dka' chen lo drug zla brgyad tsam spyod du bcug mthar dbang dang gdams ngag rdzogs par gnang, dgung lo zhe lnga pa shing byi lor stod phyogs skyid grong dang gnya' nang khul du phebs te lo dgu'i ring la na bza' ras rkyang dang zas zva tshod tsam la brten pa sogs dka' spyad dang snying rus drag pos bsgoms pas sku tshe de nyid la mchog gi dngos grub brnyes, de nas sa phyogs gzhan du 'byon bzhud mdzad nas snod du rung ba rnams la gsang sngags kyi gdams pa gnang, nyams mgur mang du brtsams, ras chung pa dang, dvags po lha rje sogs slob ma mang du bskrun, sgrub brgyud kyi bstan pa'i srol btsugs, rab byung gnyis pa'i chu yos lo la 'das,// mi la ras pa'i rnam thar, rnal 'byor gyi dbang phyug rje btsun mi la ras pa'i rnam par thar pa dang thams cad mkhyen pa'i lam ston mgur

Milarepa

7. Jim Valby Dictionary

SA mi la, disciple of marpa, 1 of ka can bzhi, 1040-1123

Phoneme: