Skip to main content Skip to search
me tog lug mig
ID:
T149151
  • མེ་ཏོག་ལུག་མིག (Tibetan, Tibetan script, Original)
    • >  me tog lug mig (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  metok lukmik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[2110] སྔོ་སྨན་མེ་ཏོག་གི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་རིམས་ཚད་དང། དུག་ཚད་སེལ། བཅུད་ལེན་པར་བྱེད། …

2. Thupten Phuntsok Dictionary

སྤྱིར་རིགས་མང་ཡང་འདིར་གསུམ་ལས། དང་པོ་འདི་ནཱི་ལ་ཨུཏྤལ་ལམ་རྒྱལ་བའི་སྤྱན་ཅན་ཏེ། ལོ་མང་སྐྱེ་བའི་སྔོ་རིགས་ཤིག་ཡིན། སྐྱེ་ཚུལ་རྩ་བའི་རྡོག་པོ་ཆུང་ལ་རུས་ཕྲན་ཅན་ལས་ལོ་མ་མཐའ་སྙོམས་འཇོང་ནར་ཕྱི་ནང་ཀུན་ཏུ་སྤུ་ཆུང་ཡོད་པ་འགའ་ཞིག་ཕན་ཚུན་བགྲད་ནས་གྱེས་པ་དང་། ངར་པ་དམར་སྨུག་ཕྲ་ལ་དྲང་བ། སྤུ་འཇམ་དང་སྣུམ་ཉམས་ཅན། མཐོ་ཚད་སྨི་0.08~0.12ཙམ་ཟིན་པའི་ངོས་སུ་ལོ་ཕྲན་གཉིས་རེས་མོས་སྐྱེ་བ་འདི་ངར་པ་ཆིག་སྐྱེས་ཁོ་ན་ཡིན་པ། ཟླ་7~8པར་མེ་ཏོག་སྔོ་དམར་སྨུག་མདངས་ཅན་ལྕེ་དབྱིབས་ཀྱི་འདབ་མ་མང་པོས་བསྐོར་བའི་དབུས་སུ་ཟེའུ་འབྲུ་དམར་སེར་ཅན་སྐྱེ་བ། གཉིས་པ་ལུག་མིག་ཆེ་བ》 ལོ་མ་འཇོང་དབྱིབས་སྤུ་ཆུང་ཅན། མང་ཆེ་བ་རྩ་བ་ནས་གྱེས་པ་དང་ངར་པའི་ངོས་སུའང་ལོ་ཕྲན་རེས་མོས་སྐྱེ་བ། ངར་པ་ལྗང་དམར་ཤུར་རིས་ཞིབ་མོ་དང་སྤུ་རྩུབ་མ་མཐོ་ཚད་སྨི0.15~0.3ཙམ་ཟིན་པ་བཞི་ལྔ་ཙམ་ཚོམ་བུར་སྐྱེ་བ་ལ་མེ་ཏོག་ཕལ་ཆེར་གོང་དང་འདྲ་བ་འཆར་བ། གསུམ་པ་ལུག་མིག་སྒྲོལ་སྔོན་སྟོང་འཁོར》 ཞེས་པ་ལོ་མ་ཕྲ་ལ་ཆུང་བ་ངར་པའི་ངོས་ནས་རེས་མོས་སྐྱེ་བ་དང་མེ་ཏོག་དབྱིབས་གོང་མ་གཉིས་དང་འདྲ་རུང་འདབ་མ་ཕྲ་ཞིབ་ཤིན་ཏུ་མང་བ། ཟེའུ་འབྲུའི་དཀྱིལ་དུ་ལི་ཁྲིའི་ཐིག་མདངས་ཡོད་པ། སྨན་དུ་སྦྱར་བྱ་ནི་མེ་ཏོག་སྟེ། ཟླ་བ་7~8པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། དེང་དུས་ཕལ་ཆེར་གྱིས་ལོ་སྡོང་མེ་འབྲས་ཡོངས་རྫོགས་མཛད། རོ་ནུས། རོ་ཁ། ཞུ་རྗེས་བསིལ། ནུས་པས་དུག་དང་དུག་གི་ཤུ་བ་འཇོམས། རིམས་ཚད་སེལ། ཡན་ལག་རྩ་རྒྱུས་རེངས་པ་དང་འཁུམ་པ་བསེངས། རྨའི་རྣག་ཁྲག་སྐེམ།

3. smon lam tshig mdzod chen mo

སྔོ་སྨན་མེ་ཏོག་གི་རིགས་ཤིག་རོ་ཁ། ཞུ་རྗེས་བསིལ། ནུས་པས་རིམས་ཚད་དང༌། དུག་ཚད་སེལ། བཅུད་ལེན་པར་བྱེད།

4. Negi Tibetan-Sanskrit Dictionary

eḍākṣipuṣpam ma.vyu.6177 (88ka).

5. Ives Waldo Dictionary

med herb lug mig flower [ro kha, zhu rjes bsil, nus pas rims tshad dang, dug tshad sel, bcud len par byed sheep's eye flower [a species of Pedicularis

sheep's eye flower

med herb lug mig flower

6. Jim Valby Dictionary

kind of flower resembling a sheep's eyes, species of pedicularis

Phoneme:

Sanskrit

  • eḍākṣipuṣpam