Skip to main content Skip to search
zho ston/
ID:
T169914
  • ཞོ་སྟོན (Tibetan, Tibetan script, Original)
    • >  zho ston/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  zhotön (Tibetan, Latin script, Transcription-THL Simplified Tibetan Transcription)

zho summer festival

Subjects

zho summer festival [dbyar dus kyi dga' ston zhig ste, bod zla bdun pa'i tshes gnam gang nyin 'bras spungs su lha mo ba rnams kyis lha mo 'khrab nas gzigs phud 'bul ba dang, se rar skor bya ba dang rags rgyab pas 'cham rgyag pa, de bzhin tshes gcig nas tshes bzhi'i bar nor bu gling khar lha mo'i gzhung rnam thar mang po 'khrab pa dang, tshes lnga nas drug bdun bar lha sa'i sku drag che khag gi sger shag tu lha mo 'khrab pa bcas kyi ring la zho ston zer, ming de'i 'byung khungs ni zla ba bdun par bod du zho legs pa'i skabs yin pas zho'i ston mo gtong srol yod pa der zer

Subjects

zho summer festival [R]

Subjects

zho summer festival [*Lhasa summer Tibetan opera festival]

Subjects

lhasa summer opera festival, name of the opera festival in Lhasa

Subjects

[2404] དབྱར་དུས་ཀྱི་དགའ་སྟོན་ཞིག་སྟེ། བོད་ཟླ་བདུན་པའི་ཚེས་གནམ་གང་ཉིན་འབྲས་སྤུངས་སུ་ལྷ་མོ་བ་རྣམས་ཀྱིས་ལྷ་མོ་འཁྲབ་ནས་གཟིགས་ཕུད་འབུལ་བ་དང། སེ་རར་སྐོར་བྱ་བ་དང་རགས་རྒྱབ་པས་འཆམ་རྒྱག་པ། དེ་བཞིན་ཚེས་གཅིག་ནས་ཚེས་བཞིའི་བར་ནོར་བུ་གླིང་ཁར་ལྷ་མོའི་གཞུང་རྣམ་ཐར་མང་པོ་འཁྲབ་པ་དང། ཚེས་ལྔ་ནས་དྲུག་བདུན་བར་ལྷ་སའི་སྐུ་དྲག་ཆེ་ཁག་གི་སྒེར་ཤག་ཏུ་ལྷ་མོ་འཁྲབ་པ་བཅས་ཀྱི་རིང་ལ་ཞོ་སྟོན་ཟེར། མིང་དེའི་འབྱུང་ཁུངས་ནི་ཟླ་བ་བདུན་པར་བོད་དུ་ཞོ་ལེགས་པའི་སྐབས་ཡིན་པས་ཞོའི་སྟོན་མོ་གཏོང་སྲོལ་ཡོད་པ་དེར་ཟེར། ...

Subjects

དབྱར་དུས་ཀྱི་དགའ་སྟོན་ཞིག་སྟེ། བོད་ཟླ་བདུན་པའི་ཚེས་གནམ་གང་ཉིན་འབྲས་སྤུངས་སུ་ལྷ་མོ་འཁྲབ་ནས་གཟིགས་ཕུད་འབུལ་བ་དང་། སེ་རར་སྐོར་བྱ་བ་དང་རགས་རྒྱབ་པས་འཆམ་རྒྱག་པ། དེ་བཞིན་ཚེས་གཅིག་ནས་ཚེས་བཞིའི་བར་ནོར་བུ་གླིང་ཁར་ལྷ་མོའི་གཞུང་རྣམ་ཐར་མང་པོ་འཁྲབ་པ་དང་། ཚེས་ལྔ་ནས་དྲུག་བདུན་བར་ལྷ་སའི་སྐུ་དྲག་ཆེ་ཁག་གི་སྒེར་ཤག་ཏུ་ལྷ་མོ་འཁྲབ་པ་བཅས་ཀྱི་རིང་ལ་ཞོ་སྟོན་ཟེར། མིང་དེའི་བའབྱུང་ཁུངས་ནི་ཟླ་བ་བདུན་པར་བོད་དུ་ཞོ་ལེགས་པའི་སྐབས་ཡིན་པས་ཞོའི་སྟོན་མོ་གཏོང་སྲོལ་ཡོད་པ་དེར་ཟེར།

Subjects

ཞོ་སྟོན་ཞེས་པའི་གོ་དོན་ནི་དུས་དེས་སྐབས་དེར་སེ་འབྲས་སོགས་ལ་དབྱར་གནས་ཚུགས་སྐབས་སྔ་དུས་ཚོགས་གཞུང་དུ་ཞོ་གཏོང་གི་ཡོད་པས་ཞོའི་སྟོན་མོ་བཏང་བས་ཞོ་སྟོན་ཞེས་འབོད་སྐད། དེ་ཡང་སྔོན་དུས་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་རྣམས་དབྱར་ཁ་ཟླ་བ་གསུམ་གྱི་རིང་དགོན་པའི་ཕྱི་རོལ་དུ་ཕེབས་མི་ཆོག་པ་དང་། གལ་སྲིད་ཕེབས་དགོས་བྱུང་ན་ཡང་ཞག་བདུན་ལྷག་བཞུགས་མི་ཆོག་པའི་དབྱར་ཁྲིམས་ཡོད་སྟབས། དེའི་རིང་དགེ་འདུན་གྱི་མངའ་འབངས་མི་སྡེ་དང་། དེའི་དོ་དམ་པ་ཞལ་ཏ་བ་ཟེར་བ་ཞིག་ཡོད་པ་ནས་དགེ་འདུན་རྣམས་ལ་འོ་མ་དང་ཞོའི་སྟོན་མོ་ཐེངས་འགའ་ཤས་འབུས་བའི་སྲོལ་ཡོད་པ་ལྷར། བོད་དུ་ཡང་གདན་ས་སེ་འབྲས་གཉིས་སུ་དགོན་པའི་ནོར་སྲིད་དང་མི་སེར་གྱི་སྤྱི་དཔོན་དུ་བསྐོས་པ་སྤྱི་སོ་ཞེས་པ་རྒན་གཞོན་ཁ་ཤས་ཡོད་ཅིང་། དེ་ཚོས་དབྱར་གནས་འགོ་ཚུགས་རྗེས་ཀྱི་ཞག་བདུན་ཕྲག་གཉིས་སོང་བ་བོད་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་འབྲས་སྤུངས་དང་སེ་རཅི་དགེ་འདུན་པ་ཡོངས་ལ་གསོལ་ཞོ་བཞེས་སྤྱད་གང་རེ་འབུལ་སྲོལ་དང་། དེའི་སང་ཉིན་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་གྲྭ་ཚང་སོ་སོའི་སློབ་གཉེར་བ་ཚོས་གཞུང་བཀའ་པོད་ལྔའི་ཐོག་ནས་བགྲོ་གླེང་གི་ཚོགས་ཆེན་འགོ་ཚུགས་པ་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་ཞོ་སྟོན་གྱི་ཉིན་བོད་ཀྱི་བཀྲ་ཤིས་ཞོལ་པ་དང་། བྲོ་པ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས་དགའ་ལྡན་ཕོ་བྲང་གི་མདུན་ཟློས་གར་དང་ལྷ་མོའི་འཁྲབ་སྟོན་གཟིགས་མོ་འབུལ་གྱི་ཡོད། དེ་ནི་ཉིན་དེར་འབྲས་སྤུངས་གོས་སྐུ་ཆེན་མོ་བཀྲམ་པའི་མདུན་ཞལ་ངོ་གསར་རྙིང་བརྗེ་བའི་རྟེན་འབྲེལ་ལ་བསུ་བ་ཞུ་ཆེད་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་དགུང་ལོ་བཅུ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ས་བྱ(༡༨༤༩)ལོར་ནོར་བུ་གླིང་ཁའི་བསྐལ་བཟང་ཕོ་བྲང་གི་རྒྱབ་ངོས་སུ་དབུ་གཡབ་གཟིམ་ཆུང་གསར་རྒྱག་ཐོག དེནས་བཟུང་དབྱར་ཁའི་རིང་ནོར་བུ་གླིང་ཁར་བཞུགས་པའི་སྲོལ་བྱུང་ཞིང་། ཞོ་སྟོན་དང་ཆབས་ཅིག་བསྐལ་བཟང་ཕོ་བྲང་ཤར་ངོས་སྡིངས་ཆའི་སྟེང་དུ་སྐབས་དེར་ཡོད་པའི་བོད་ཀྱི་ཟློས་གར་སྐད་གྲགས་ཆེ་བ་རྣམས་ཡོང་ནས་འཁྲབ་སྟོན་གཟིགས་འབུལ་གྱི་སྲོལ་བྱུང་། དེ་ལ་བརྟེན་ནས་བོད་ལ་ལྷ་མོའི་ཚོགས་པ་མང་པོ་ཇེ་རྒྱས་ཇེ་འཕེལ་དུ་སོང་སྟེ། དགོན་པ་ཁག་གི་ནང་དུ་ཡང་དགེ་འདུན་ལོ་གཞོན་རྣམས་ནས་དབྱར་གནས་གྲོལ་རྗེས་ཀྱི་ཆབ་ཞུགས་གུང་སང་དང་སྟབས་བསྟུན་ལྷ་མོ་འཁྲབ་སྲོལ་འཕེལ་རྒྱས་བྱུང་ཞིང་། ལྷག་པར་དུ་སྡེ་དྲུག་རིན་པོ་ཆེས་སྲིད་སྐོང་གནང་རིང་ཀྱང་དེ་རིགས་ལ་དོ་སྣང་ཆེན་པོ་གནང་སྟེ། རྨེ་རུ་བའི་དགེ་འདུན་པ་རྣམས་ནས་བོད་ཀྱི་རྒྱུན་སྲོལ་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་ཐོག་འཁྲབ་སྟོན་གྱི་ནང་དོན་དངོས་གཞི་ཆོས་རྒྱལ་དད་པ་བརྟན་པའི་རྣམ་ཐར་དང་། བར་འཇུག་གི་འཁྲབ་སྟོན་ལ་སྤྱི་ཚོགས་ཐོག་གི་དཔོན་རིགས་བཀའ་བློན་ནས། རྫོང་དཔོན། གཞིས་གཉེར་ཚོང་པ། དགོན་པའི་ཞལ་ངོ་། ཐ་ན་སྤྲང་པོ་ཡན་གྱི་འཚོ་བའི་སྤྱོད་ཚུལ་དངོས་ཡོད་སྦས་གསང་མེད་པར་འཁྲབ་སྟོན་བྱེད་པའི་སྒྱུ་རྩལ་དང་ནང་དོན་གསར་པ་གསར་གཏོད་གནང་བ་དེ་ཡང་འཁྲབ་སྟོན་བྱེད་སྲོལ་བྱུང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དངོས་སུ་སྲིད་དབང་བཞེས་རྗེས། བོད་ཀྱི་རྒྱུན་སྲོལ་ལྷ་མོ་དང་། ཟློས་གར་ཚོགས་པ་གྲགས་ཆེ་བ་རྣམས་ཀྱི་སྒྱུ་རྩལ་མི་ཉམས་གོང་འཕེལ་འབྱུང་ཆེད། དབུས་གཅང་ཞྷོ་ཁ་བཅས་སུ་ཡོད་པའི་ལྷ་མོའི་ཚོགས་པ་དང་། བྲོ་པ། གཞས་མ། ཤེལ་རོང་འབྲོང་རྩད་པ་སོགས་ཡོད་ཚད་བསྐོང་འགུགས་གནང་སྟེ་ལོ་ལྟར་ཞོ་སྟོན་རིང་ནོར་བུ་གླིང་ཁར་འཁྲབ་སྟོན་གཟིགས་འབུལ་དགོས་པ་དང་། འཁྲབ་སྟོན་སྐབས་རང་རང་སོ་སོའི་འཁྲབ་སྟོན་སྒྱུ་རྩལ་གྱི་ཉམས་འགྱུར་ཁྱད་ཆོས་མ་ཉམས་པར་རྒྱུན་འཁྱོངས་བྱེད་དགོས་པའི་བཀའ་གནང་ཐོག སྐུ་ངོ་མས་ནན་ཏན་གྱིས་གཟིགས་རྟོགས་གནང་གི་ཡོད་ཅིང་། དེ་ནས་བཟུང་ཞོ་སྟན་ནི་བོད་ཀྱི་རིག་རྩལ་དུས་ཆེན་ཞིག་ཏུ་གྱར་ཏེ་ལོ་ལྟར་བོད་ཟླ་བདུན་པའི་ནང་ཞོ་སྟོན་དུས་ཆེན་གཏོང་སྲོལ་བྱུང་། དེ་ཡང་ཟླ་དྲག་པའི་ཚེས་བཅོ་ལྔ་ནས་བཟུང་འབྲས་སེ་དགའ་གསུམ་གྱི་དགེ་འདུན་ཚོས་དབྱར་སྔ་མ་ཞལ་གྱིས་བཞེས(དབྱར་གནས་ཟེར)ཤིང་། ཟླ་བ་གཅིག་དང་ཕྱེད་ཀྱི་རིང་དབྱར་གནས་ལ་བཞུགས་སྐབས་བདུད་ཀྱི་བར་ཆད་མི་འཇུག་ཆེད་བདུད་སྡེར་གཏོགས་པ་རྣམས་སྤྲོ་བ་སྐྱེད་པའི་སླད་འདོད་ཆོས་དང་མཐུན་པའི་རྣམ་པ་མངོན་གསལ་ཅན་དགོས་པ་སོགས་དགོས་པ་དུ་མར་གཞིགས་ཏེ་བོད་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་འཕྱོངས་རྒྱས་སྤུན་བདུན་པ་ད་ང་། ཡར་ལུང་བཀྲ་ཤིས་ཞོལ་པ། སྙེ་མོ་བྱ་སྒོ་བ། ཐོན་པ་བ། སྣང་རྩེ་བ། རིན་སྤུངས་རྫོང་ཁོངས་རྒྱལ་མཁར་ཆོས་རྫོང་པ། ངམ་རིང་རྫོང་ཁོངས་གཅུང་རི་བོ་ཆེ། རྣམ་གླིང་རྫོང་ཁོངས་ཤངས་གྲམ་བཀྲ་ཤིས་རྩེ་པ། ལྷ་སའི་སྐྱོར་མོ་ལུང་པ། ཆུ་ཤུལ་རྫོང་གི་ཤེལ་གྲོང་འབྲོང་རྩེད་སོགས་ནས་ཐོག་མར་རྩེ་ཕོ་བྲང་དང་། དེ་ནས་ནོར་བུ་གླིང་ཁ། དགོང་དྲོ་འབྲས་སྤུངས་ཕོ་བྲང་བཅས་པར་ལྷ་མོའི་གླུ་གར་གྱི་གཟིགས་ཕུད་ཕུལ། ཚེས་སུམ་ཅུ་ཉིན་གྱི་སྔ་དྲོ་འབྲས་སྤུངས་དགོན་པའི་ནུབ་ངོས་རི་ལྡེབས་སུ་སྟོན་པ་ཤཱཀྱ་ཐུབ་པ་གཙོ་གྱུར་གྱི་གོས་སྐུ་འགྲེམས་པའི་མདུན་དུ་མཆོད་འབུལ་དང་། ཚོགས་ཆེན་དགེ་བསྐོས(ཞལ་ངོ)གསར་རྙིང་བརྗེ་བའི་མཛད་སྒོ་གནང་སར་གོས་སྐུའི་ཞལ་མཇལ་དང་། ལྟད་མོ་བ་མང་པོ་ཡོང་གི་ཡོད། ཡར་ལུང་བཀྲ་ཤིས་ཞོལ་པ་སོགས་ལྷ་མོ་བ་ཚོས་གོས་སྐུའི་མདུན་གཟིགས་ཕུད་ཀྱི་ལྷ་མོ་འཁྲབ་རྗེས་བསམ་བློ་ཁང་ཚན་སོགས་སུ་ལྷ་མོ་ཉིན་འཁྱོངས་འཁྲབ་པ་སོགས་བྱེད། ཉིན་དེར་སེ་ར་དགོན་པར་ཡང་ཚོགས་ཆེན་སྒོ་མཚོར་རབ་གསལ་སྟེང་ནས་གོས་སྐུ་བཀྲམ་པའི་མདུན་ཀརྨ་ཤག་གི་ཆོས་སྐྱོང་ཁོག་ཞུགས་ཀྱིས་ལོ་རེའི་ལེགས་ཉེས་བརྟག་གཞི་སྟོན་པ་དང་། དང་། སྐྱེས་པ། བུད་མེད། ཐོད་སྐམ་སོགས་ཀྱི་འཆམ་རྒྱག་པ། ཕྱི་དྲོ་ཀརྨ་ཤག་གི་ལྷ་ཆས་སྐུ་གསོབ་བརྒྱངས་སྟེ་རྟ་ལ་སྐྱོན་ཐོག་ཆོས་རྗེ(ལྷ་ཕེབས་མགན)ངོ་གཡོག་གཟབ་མཆོར་གྱོན་ཏེ་རྟ་བཞོན་པའི་སྔ་རྗེས་སུ་སེ་ར་བླ་སྤྱིའི་ངོ་ཚབ་འཁོར་གཡོག་བཅས་རྟ་ཧྲག་སྒྲིག་པའི་མདུན་དུ་རགས་སྟོབས་པ་ཚོས་ལག་ཏུ་བརྟག་གཞིའི་དངོས་པོ་རྣམས་འཁྱེར་ཏེ་རུ་བསྟར་དསྒྲིགས་བཞིན་ལྷ་སར་ལོགས། བོད་ཟླ་བདུན་པའི་ཚེས་གཅིག་ཉིན་ནོར་བུ་གླིང་གར་ལྷ་མོ་བ་ཚོས་གཟིགས་ཕུད་རྒྱས་པ་རེ་འཁྲབ་པ་དང་། ཀརྨ་ཤག་གི་འཆམ་པ་བས་འཆམ་བརྒྱབ། ཚེས་བཅོ་ལྔ་ནས་བཟུང་ནོར་བུ་གླིང་གར་ཉིན་བཞིའི་རིང་རྒྱལ་མཁར་ཆོས་རྫོང་པ་དང་། གཅུང་པ་རིབོ་ཆེ་བ། ཤངས་གྲམ་བཀྲ་ཤིས་རྩེ་པ། སྐྱོར་མོ་ལུང་པ་བཅས་ནས་ཉིན་རེ་རྒྱལ་རབས་འཁྲབ་གཞུང་མི་འདུ་བ་རེ་འཁྲབ་པ་སོགས་བྱེད། ཚེས་པཙོ་ལྔ་ཙམ་ལ་ཞོལ་པ་ལས་ཁུངས་ནས་ལྷ་མོ་བླངས་རྗེས་གླིང་སྐོར་གྱི་ནང་དུ་ལྷ་མོ་འཁྲབ་མི་ཆོག དེའི་གོང་ནོར་བུ་གླིང་གའི་ཞོ་སྟོན་ཚར་རྗེས་གྲོང་ནང་གི་སྐུ་དྲག་ཆེ་ཁག་དང་། བླ་བྲང་ཆེ་ཁག་ཚོས་ལྷ་མོ་ལེན(འཁྲབ་ཏུ་བཅུག་པ)གྱི་ཡོད། ཞོ་སྟོན་རིང་ལྷ་སའི་གྲོང་མི་དང་། ཉེ་འདབས་གྲོང་གསེབ་པ་སོགས་མང་པོ་ནོར་བུ་གླིང་གར་ལྟད་མོར་འཛོམས་སྲོལ་ཡང་སེ་འབྲས་སུ་དབྱར་གནས་འཁེལ་བས་གྲྭ་པ་ལྟད་མོར་ཡོང་མི་ཆོག གོང་གསལ་ལྷ་མོ་བ་རྣམས་ཁྲལ་འཁྲིའི་རང་བཞིན་ཡིན་ལ། གཏན་འབེབས་བཞིན་ལོ་ལྟར་ལམ་ཐག་རིང་པོ་ནས་ལ་ཆུ་མང་པོ་བརྒལ་ཏེ་བོད་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་ཡས་མས་སུ་རྩེ་ཕྱག་ལས་ཁུངས་སུ་འབྱོར་ཚེས་ཞུ་དགོས་ཀྱི་ཡོད་འདུག

Subjects

དབྱར་དུས་ཀྱི་དགའ་སྟོན་ཞིག་བོད་ཟླ་བདུན་པའི་ཚེས་གནམ་གང་ཉིན་འབྲས་སྤུངས་སུ་ལྷ་མོ་བ་རྣམས་ཀྱིས་ལྷ་མོ་འཁྲབ་ནས་གཟིགས་ཕུད་འབུལ་བ་དང༌། སེ་རར་སྐོར་བྱ་བ་དང་རགས་རྒྱབ་པས་འཆམ་རྒྱག་པ། དེ་བཞིན་ཚེས་གཅིག་ནས་ཚེས་བཞིའི་བར་ནོར་བུ་གླིང་ཁར་ལྷ་མོའི་གཞུང་རྣམ་ཐར་མང་པོ་འཁྲབ་པ་དང༌། ཚེས་ལྔ་ནས་དྲུག་བདུན་བར་ལྷ་སའི་སྐུ་དྲག་ཆེ་ཁག་གི་སྒེར་ཤག་ཏུ་ལྷ་མོ་འཁྲབ་པ་བཅས་ཀྱི་རིང་ལ་ཞོ་སྟོན་ཟེར། མིང་དེའི་འབྱུང་ཁུངས་ནི་ཟླ་བ་བདུན་པར་བོད་དུ་ཞོ་ལེགས་པའི་སྐབས་ཡིན་པས་ཞོའི་སྟོན་མོ་གཏོང་སྲོལ་ཡོད་པ་དེར་ཟེར།

Subjects

Other Dictionaries

Other Dictionaries

Phoneme: