Skip to main content Skip to search
zlos gar/
ID:
T174858
  • ཟློས་གར (Tibetan, Tibetan script, Original)
    • >  zlos gar/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  dögar (Tibetan, Latin script, Transcription-THL Simplified Tibetan Transcription)

One of the five minor sciences: dramaturgy. The term for reciting song and words from the mouth, playing musical instruments with the hands, and dancing/performing with the body.

Subjects

Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[2486] རིག་གནས་ཆུང་བ་ལྔའི་ནང་གསེས་ཏེ། ངག་ནས་གླུ་ཚིག་ཟློས། ལག་པས་རོལ་མོ་འཁྲོལ། ལུས་ཀྱིས་གར་འཁྲབ་པ་བཅས་ཀྱི་མིང་། ... མིང་གི་རྣམ་གྲངས་ལ་གར་འཆམ་དང། གར་རྩེད། བྲོ། བྲོ་གར། ཞབས་བྲོ། རོལ་རྩེད་བཅས་སོ། 

2. Thupten Phuntsok Dictionary

རིག་གནས་ཆུང་བ་ལྔའི་ནང་གསེས་ཏེ། ངག་ནས་གླུ་ཚིག་ཟློས། ལག་པས་རོལ་མོ་འཁྲོལ། ལུས་ཀྱིས་གར་འཁྲབ་པ་བཅས་ཀྱི་མིང་། མིང་གི་རྣམ་གྲངས་ལ་གར་འཆམ་དང་། གར་རྩེད། བྲོ། བྲོ་གར། ཞབས་བྲོ། རོལ་རྩེད་བཅས་སོ། །

3. dag yig gsar bsgrigs

( ༡ ) ངག་ནས་ཚིག་དབྱངས་སུ་གྱེར་ཞིང་ལུས་ཀྱིས་གར་འཁྲབ་པའི་རིག་རྩལ་གྱི་རྣམ་པ་ཞིག་གི་མིང་།

( ༢ ) རིག་གནས་བཅུའི་ཡ་གྱལ་ཞིག

4. dung dkar bod rig pa'i tshig mdzod chen mo

སྔོན་བྱུང་གཏམ་རྒྱུད་དང་ལོ་རྒྱུས་སོགས་ཀྱི་ནང་གསལ་བའི་མི་སྣ་དང་ལྷ་འདྲེ་སོགས་མཚོན་པའི་གཟུགས་སུ་བྱས་ཏེ་རང་སོ་སོའི་སྐད་ཀྱི་སྒོ་ནས་གླུ་བླངས་པ་དང་བསམ་པའི་རྣམ་འགྱུར་སྣ་ཚོགས་ཡང་ནས་ཡང་དུ་ཟློས་ཤིང་གར་བྱེད་པ་ལ་ཟེར། དེ་ཡང་མི་སྣ་སོ་སོའི་བསམ་པའི་ཉམས་འགྱུར་སྐྱོ་བ་དང་། དགའ་བ་དང་། འཇིགས་པ་སོགས་དགུ་པོ་རྣམས་ མཚོན་པའི་ལུས་ཀྱི་རྣམ་འགྱུར་དང་ངག་གི་གདངས་མི་འདྲ་བའི་སྒོ་ནས་མཚོན་པར་བྱེད་པའི་གར་འཁྲབ་པ་དང་ཆབས་ཅིག་དེ་དང་བསྟུན་པའི་རོལ་མོ་རིགས་བཞི(འབུད་པའི་རོལ་མོ། བརྡུང་བའི་རོལ་མོ། དཀྲོལ་བའི་རོལ་མོ། རྒྱུད་ཀྱི་རོལ་མོ)ལ་སོགས་པའི་རམ་འདེགས་བྱས་པ་ཞིག་ཡིན། ཟློས་གར་ལ་དགོས་པའི་ཡན་ལག་ལྔ་ནི། མདོ་འཛིན་པ། རོལ་མོ་བ། ཆས་སུ་བཞུགས་པ། བཞད་གད་པ། ཟློས་གར་པ་བཅས་ཡིན། གཅིག མདོ་འཛིན་པ་ནི། ཟློས་གར་དེར་བཀོད་འདོམས་བྱེད་པ་པོ་སྟེ། འཕྲེང་བ་སྐུད་པར་བརྒྱུས་པའི་སྣེ་མོར་སྤྱི་ལ་ཁྱབ་པའི་ཕྲེང་རྡོག་ཆེ་བ་གཅིག་ཡོད་པ་དེར་མདོ་འཛིན་པ་ཟེར་བ་དང་འདྲ། མདོ་འཛིན་པ་དེ་མེད་ན་ཟློས་གར་དེར་གོ་རིམ་མེད་པ་དང་སྒྲིག་ཁྲིམས་མེད་པར་འགྱུར། གཉིས། རོལ་མོ་བ་ནི། མཚོན་བྱའི་མི་སྣ་རིགས་མི་འདྲ་བའི་ལུས་ཀྱི་རྣམ་འགྱུར་དང་ངག་གི་གླུ་དབྱངས་དང་བསྟུན་ནས་རོལ་མོས་རམ་འདེགས་བྱས་པ་སྟེ། དེ་ལ་རོལ་མོ་རིགས་བཞི་ཡོད། ༡.འབུད་པའི་རོལ་མོ་ནི། རྒྱ་གླིང་དང་། གླིང་བུ། དུང་། ཤུ་སྒྲ་སོགས་ཡིན། ༢.དཀྲོལ་བའི་རོལ་མོ། སྦུག་ཆལ། སིལ་སྙན། ཆ་ལང་། ཏིང་ཤག དྲིལ་བུ། ཅང་ཏེའུ་སོགས། ༣.བརྡུང་བའི་རོལ་མོ། རྔ་ཆེན། རྔ་ཟླུམ། རྫ་རྔ་ཁ་གཅིག་པ། རྫ་རྔ་ཁ་གཉིས་མ། མཁར་རྔ་ཆེ་ཆུང་སོགས། ༤.རྒྱུད་ཀྱི་རོལ་མོ། པི་ཝང། སྒྲ་སྙན། ཏམ་བུ་ར། ཆིན་རྒྱུད་ཉེར་ལྔ་པ་སོགས་ཆིན་གྱི་རིགས་མི་འདྲ་བ་མང་པོ་ཡོད། གོང་གསལ་རྣམས་ཀྱང་མཚོན་བྱེད་མི་སྣའི་ལུས་ངག་གི་རྣམ་འགྱུར་དགུ་པོར་གང་ལ་གང་འཚམ་པའི་སྒོ་ནས་རམ་འདེགས་བྱེད་པ་ཡིན། གསུམ། ཆས་སུ་ཞུགས་པ་ནི་མཚོན་བྱའི་མི་སྣ་མི་འདྲ་བ་སོ་སོའི་ཆས་སུ་ཞུགས་ནས་གར་འཁྲབ་མཁན་ཏེ། དེ་ལ་མི་སྣ་གཙོ་བོ་དང་། ཕལ་པ། རམ་འདེགས་མི་སྣ་བཅས་གསུམ་ཡོད་པ་སོ་སོར་དྲང་ཕྱོགས་མི་སྣ་དང་། ལྡོག་ཕྱོགས་མི་སྣ། བར་གནས་མི་སྣ་བཅས་གང་འཁྲབ་ཀྱང་མཚོན་བྱའི་མི་སྣ་དེའི་བསམ་བློ་དང་། ལུས་ཀྱི་རྣམ་འགྱུར། ངག་གི་གདངས་བཅས་ལེགས་པར་མཚོན་ཐུབ་མིན་ལ་བརྟེན་ནས། ལྟད་མོ་མཁན་ཚོར་ཉམས་འགྱུར་ཐོན་པའི་ནུས་པ་ཆེ་ཆུང་མི་འདྲ་བ་ཡོད་པ་དེ་ཡིན། དཔེར་ན་ཟློས་གར་མཁན་འགའ་ཞིག་གིས་དྲང་ཕྱོགས་མི་སྣ་མཚོན་མཁས་པོ་ཡོད་ཀྱང་གཞན་དག་མཚོན་མཁས་པོ་མེད་པ་སོགས་ཡོད། བཞི། བཞད་གད་པ་ནི། ཟློས་གར་གྱི་སྐབས་ལོ་རྒྱུས་རིང་པོ་ཞིག་ནང་དོན་དུ་བྱས་ནས་འཁྲབ་ཚེ་སྐབས་སྐབས་སུ་དགོད་བྲོ་བའི་གཏམ་ཤོད་མཁན་ཏེ། དེ་ཡང་ཟློས་གར་གྱི་སྐབས་ཅུང་ཟད་ བྱ་དཀའ་བའི་ངག་གི་སྒྱུ་རྩལ་ཞིག་ཡིན། དེ་ཡང་དྲང་ཕྱོགས་མི་སྣ་དང་། ལྡོག་ཕྱོགས་མི་སྣ། བར་གནས་མི་སྣ་བཅས་གསུམ་ཀས་བྱས་ཆོག་ཀྱང་བོད་དུ་ལྷ་མོ་འཁྲབ་སྐབས་ལྡོག་ཕྱོགས་མི་སྣས་བྱས་པ་མང་ཞིང་། སྐབས་རེ་བར་བཅུག་ལེ་ཚན་དུ་བྱས་པའང་ཡོད། ལྔ། ཟློས་གར་བ་ནི། དེ་ནི་ཟློས་གར་གྱི་སྐབས་རམ་འདེགས་མི་སྣ་སྟེ་གཙོ་བོའི་མི་སྣ་ཁག་ གསུམ་ལ་རམ་འདེགས་བྱས་ཏེ་གླུ་བླངས་པ་དང་། ལོ་རྒྱུས་ཤོད་པ། ཆས་གཡོགས་པ་སོགས་བྱེད་མཁན་རྣམས་ཡིན། བོད་དུ་ཟློས་གར་ནི་གནའ་རབས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྔོན་དུས་ནས་ཡོད་པར་ངེས་ཏེ་རྒྱལ་པོ་སྲོང་བཙན་སྒམ་པོས་བལ་བཟའ་དང་། རྒྱ་བཟའ་བཙུན་མོར་བླངས་སྐབས་བོད་རྒྱལ་བློན་འབངས་དང་བཅས་པས་བསུ་བ་དང་། དགའ་སྟོན་གྱི་ཟློས་གར་རྒྱ་ཆེན་པོ་བཀོད་པ་གཙུག་ལག་ཁང་དང་པོ་ཏ་ལའི་ལྡེབས་བྲིས་སུ་བྲིས་ཡོད་པ་དང་། ཕྱོགས་མཚུངས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་ནས་རབ་གནས་དགས་སྟོན་ཉིན་མང་པོའི་བར་དུ་བྱས་སྐབས་བོད་འབངས་རྣམས་ཀྱིས་བྲོ་གར་གླུ་གཞས་རིགས་མི་འདྲ་བ་དང་། སྒྱུ་རྩལ་གྱི་རིགས་མི་འདྲ་བ་མང་པོ་བསྟན་ཚུལ་བསམ་ཡས་གཙུག་ལག་ཁང་གི་འཁོར་སའི་ལྡེབས་བྲིས་ཐོག་བཀོད་ཡོད། གཞན་ཡང་བོད་དུ་སྐད་གྲགས་ཆེ་བའི་ཟློས་གར་ཨ་ཅེ་ལྷ་མོ་ཟེར་བ་ནི། བོད་ཀྱི་བཀའ་བརྒྱུད་ཆོས་ལུགས་ཐོག་མཚན་སྙན་ཆེ་བའི་གྲུབ་ཆེན་ལྕགས་ཟམ་པའམ་མཚན་ཐང་སྟོང་རྒྱལ་པོ་ཞུ་བ་ཁོང་གིས་བོད་ས་གནས་ཀྱི་འགྲིམ་འགྲུལ་མི་བདེ་བའི་དཀའ་ངལ་སེལ་ཆེད་ལྕགས་ཟམ་ཁག་བཅུ་ལྷག་ཙམ་གསར་བསྐྲུན་གནང་བར་བཞེད་ནས་དེའི་རྒྱུ་ཆས་ལྕགས་དང་འགྲོ་གྲོན་སོགས་སྒྲུབ་པའི་ཆེད་དུ་ལྷོ་ཁ་ནས་ཡིན་པའི་བུ་མོ་སྤུན་བདུན་ལ་བཀའ་བཀོད་གནང་སྟེ། བུ་མོ་གཉིས་ཀྱིས་རྔོན་པ་དང་། བུ་མོ་བཞིས་ལྷ་མོ། བུ་མོ་གཅིག་གིས་རོལ་མོ་དཀྲོལ་མཁན། གྲུབ་ཐོབ་རང་ཉིད་ཀྱིས་རྔ་བརྡུང་མཁན་མཛད་དེ་ལྷ་མོའི་ཚོགས་པ་དང་པོ་དེ་བཙུགས། དེ་ནས་བྱུང་བའི་དངོས་རྫས་རྣམས་ཀྱིས་མཐུན་རྐྱེན་བྱས་ཏེ་ལྕགས་ཟམ་ལྔ་བཅུ་ང་བརྒྱད་འཛུགས་པར་གནང་བར་བརྟེན་མིང་ལ་ཨ་ཅེ་ལྷ་མོ་ཟེར་བའི་ཟློས་གར་ཚོགས་པ་དེ་བྱུང་ཞིང་། དེ་ནས་རིམ་བཞིན་ལྷ་མོ་ཚོགས་པ་མང་དུ་སོང་ནས་དུས་རབས་བཅོ་བརྒྱད་པ་ཡས་མས་སུ་སླེབས་སྐབས་བོད་དུ་སྐད་གྲགས་ཆེ་བའི་ལྷ་མོའི་ཚོགས་པ། སྐྱོར་མོ་ལུང་པ། རྒྱང་མཁར་བ། ཤང་པ། གཅུང་པ། འབྲི་གུང་པ་བཅས་བྱུང་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་པོ་ཏ་ལའི་ཕོ་བྲང་དམར་པོ་བཞེངས་གྲུབ་པའི་རབ་གནས་ཀྱི་ཉིན་ལྷ་མོ་ཚོགས་པས་ནོར་བཟང་གི་གཞུང་འཁྲབ་སྟོན་བྱས་ཚུལ《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ནང་བཤད་ཡོད། གཞན་ཡང་ཁམས་ཀྱི་རལ་པ་དང་། ཆབ་མདོའི་བྲོ། མངའ་རིས་དང་འབའ་ཐང་གི་སྒོར་གཞས། ཚིག་རྒྱག འབྲས་དཀར། ཤེལ་གྲོང་འབྲོང་རྩེད། འབག་སེང་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཟློས་གར་དང་དེའི་འཁྲབ་གཞུང་ཡང་མང་པོ་ཡོད། ཡང་སྙན་ངག་གི་གཞུང་ལས་བཤད་པའི་ཟློས་གར་ནི། སྐད་རིགས་མི་འདྲ་བ་བཞིའི་སྒོ་ནས་བརྩམས་པའི་རྩོམ་ཡིག་དང་། སྐད་རིགས་བཞིའི་སྒོ་ནས་འཁྲབ་པའི་ཟློས་གར་ལྟ་བུ་སྟེ། ལྷའི་རིགས་ལ་སསྐྲྀ་ཏའི་སྐད་ཀྱི་སྒོ་ནས་གཏམ་སྨྲ་བ་དང་གླུ་ལེན་པ་ནས། ལྷ་སྲིན་སྡེ་བརྒྱད་གཞན་པའི་སྐད་ཀྱི་སྒོ་ནས་གཏམ་སྨྲ་བ་དང་གླུ་ལེན་པ་ནི། པི་ཤ་ཙིའི་སྐད་དེ་ཤ་ཟའི་སྐད་དང་། བྲན་གཡོག་ཕོ་མོ་དང་། བཞད་གད་མཁན་ལ་སོགས་པས་གཞན་ལ་བསྙད་འདོགས་པ་དང་། འགྲན་ཟླ་བྱེད་པ་སོགས་ཀྱི་སྐབས་ཨ་ཝ་བྷམ་ཤ་སྟེ་ཟུར་ཆག་གི་སྐད་དང་། བུད་མེད་ཀྱི་རིགས་ཕལ་ཆེ་བས་གཏམ་སྨྲ་བ་དང་གླུ་ལེན་པ་སོགས་ཀྱི་ སྐབས་ཡུལ་མི་རང་བཞིན་པའི་སྐད་ཀྱི་སྒོ་ནས་བརྗོད་པ་སོགས་བཤད། བོད་དུ་ཟློས་གར་གྱི་ལྟད་མོའི་རིགས་ལ་སྐད་རིགས་བཞི་ཚང་བ་དེ་འདྲ་མེད་ཀྱང་། སྐད་རིགས་བཞིའི་སྒོ་ནས་བརྩམས་པའི་རྩོམ་ཡིག་ནི་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི«ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་དུ་དཀྲི་བའི་རོལ་རྩེད»ཅེས་པ་ཞིག་ཡོད་པ་དེའི་ནང་རྒྱ་དང་། སོག་པོ། རྒྱ་གར། བོད་བཅས་ཀྱི་ཆོས་སྨྲ་བ་བཞིས་རང་རང་སོ་སོའི་སྐད་ཀྱི་སྒོ་ནས་ཆོས་གཏམ་གླེང་རེས་བྱས་པའི་རྣམ་པ་དང་། གཞན་ཡང་ཟློས་གར་གྱི་རིག་པའི་གཞུང་ལུགས་ལྟ་བུར་བརྩམས་པ་ནི། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི«རོལ་མོའི་བསྟན་བཅོས»དང་དེའི་འགྲེལ་པ་ངོར་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་མཛད་པ་ཞིག་ཀྱང་ཡོད་ལ་བསྟན་འགྱུར་གྱི་ནང་སློབ་དཔོན་ཙནྡྲ་གོ་མིས་མཛད་པའི«འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར»དང་སློབ་དཔོན་དགའ་བའི་ལྷས་མཛད་པའི«ཀླུ་ཀུན་ཏུ་དགའ་བའི་ཟློས་གར»སོགས་བོད་སྐད་དུ་བསྒྱུར་བ་ཡང་ཡོད་དོ། །

5. smon lam tshig mdzod chen mo

རིག་གནས་ཆུང་བ་ལྔའི་ནང་གསེས་ཏེ། ངག་ནས་གླུ་ཚིག་ཟློས། ལག་པས་རོལ་མོ་འཁྲོལ། ལུས་ཀྱིས་གར་འཁྲབ་པ་བཅས་ཀྱི་མིང༌། མིང་གི་རྣམ་གྲངས་ལ་གར་འཆམ་དང༌། གར་རྩེད། བྲོ། བྲོ་གར། ཞབས་བྲོ། རོལ་རྩེད་བཅས་སོ།

6. Negi Tibetan-Sanskrit Dictionary

1. nāṭakam — སྤེལ་མ་ཟློས་གར་ལ་སོགས་ཏེ། /དེ་དག་རྣམས་ནི་གཞན་ན་རྒྱས༎ miśrāṇi nāṭakādīni teṣāmanyatra vistaraḥ

kā.ā.319kha/1.31; ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ཟློས་གར་མཛད་པ nāgānandaṃ nāma nāṭakaṃ kṛtam nā.nā.225ka/4

2. nṛtyam — གལ་ཏེ་ཟློས་གར་དང་གླུ་དང་འཚེ་བ་དང་བགྲོད་པར་བྱ་བ་མ་ཡིན་པ་ལ་བགྲོད་པ་ལ་སོགས་པ་བྱ་བ་ཉིད་དུ་དེར་བསྟན་པར་གྱུར་ན yadi hi nṛtyagītahiṃsāgamyagamanādeḥ tatkartavyatayā tatropadeśaḥ syāt ta.pa.325kha/1119; nāṭyam — རྫ་རྔ་ཡང་དག་བསྒྲགས་པས་ཉེ་བར་སྤྲོས་པའི་ཟློས་གར་ཀྱེ་མ་ཡིད་དག་འགུགས༎ murajoparañjitamaho nāṭyaṃ manaḥ karṣati a.ka.132kha/66.86; naṭanam — དེ་ནས་མོ་མིན་གར་དང་ནི། /ཟློས་གར་རོལ་རྩེད་བྲོ་དང་ནི། /རྩེད་འཇོ་དང་ནི་འཆི་བ་འོ༎ athāstriyām

tāṇḍavaṃ naṭanaṃ nāṭyaṃ lāsyaṃ nṛtyaṃ ca nartane

a.ko.143ka/1.8.10; naṭyate naṭanam

naṭa vṛttau a.vi.1.8.10; mi.ko.30ka

7. Rangjung Yeshe Dictionary

emanation [of.], a play, show, drama, display

8. Ives Waldo Dictionary

emanation [of.], a play, show, drama, theatrical display * dance

emanation [of.], a play, show, drama, theatrical display [R] dance [one of four branches of shabda vidya, science of external expression interval when songs are repeated after dances strictly OR repeating words and dancing hence theater

emanation [of.], a play, show, drama, theatrical display [R] dance

9. Jim Valby Dictionary

theatrical performances, play, show, drama, displays, opera, dramatic performance, dance, 1 of 4 branches of sabda vidya, science of external expression, 5 parts (mdo 'dzin pa, rol mo, chas zhugs, bzhad gad, zlos gar), 1 of zlos gar

Phoneme: