Skip to main content Skip to search
g.yu/
ID:
T184875
  • གཡུ (Tibetan, Tibetan script, Original)
    • >  g.yu/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  yu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1.

= bai rā dza. JD 31. SS 399.5. DG 79.6.

2.

turquoise

3.

turquoise, lakak and w. tibet turquoise, turquoise

4.

[2621] ... 1༽ རིན་པོ་ཆེའི་རིགས་ཀྱི་རྡོ་ཞིག་སྟེ། དེའི་ནང་གསེས་སུ་དྲུག་དཀར་དང་དྲུག་དམར་སོགས་ཁ་དོག་དང། ལེགས་ཉེས་ཀྱི་དབྱེ་བ་མང་པོ་ཡོད། ... རྒྱ་གཡུ། ... བོད་གཡུ། ... གཡུ་ཕལ་པ། ... གཡུ་དཀྱུས་མ། ... གཡུ་ཕྲེང། ... གཡུ་གཞོངས། ... གཡུའི་རིལ་བུ། ... མིང་གི་རྣམ་གྲངས་ལ་རྡོ་ཡི་རྒྱལ་པོ་དང་རིན་པོ་ཆེའི་རྒྱལ་པོའོ། 2༽ སྨན་རིགས་ཤིག་སྟེ། གཡུ་རྙིང་དང། བར་གཡུ། གཡུ་གསར་བཅས་གསུམ་མཆིས། རོ་བསྐ། ཞུ་རྗེས་བསིལ། ནུས་པས་མཆིན་ཚད་དང། དུག་ཚད་སེལ། ...

5.

(1) རིན་པོ་ཆེའི་རིགས་ཀྱི་རྡོ་ཞིག་སྟེ། དེའི་ནང་གསེས་སུ་དྲུག་དཀར་དང་དྲུག་དམར་སོགས་ཁ་དོག་དང་། ལེགས་ཉེས་ཀྱི་དབྱེ་བ་མང་པོ་ཡོད། རྒྱ་གཡུ། བོད་གཡུ། གཡུ་ཕལ་པ། གཡུ་དཀྱུས་མ། གཡུ་ཕྲེང་། གཡུ་གཞོངས། གཡུའི་རིལ་བུ། མིང་གི་རྣམ་གྲངས་ལ་རྡོ་ཡི་རྒྱལ་པོ་དང་རིན་པོ་ཆེའི་རྒྱལ་པོའོ། ། (2) སྨན་རིགས་ཤིག་སྟེ། གཡུ་རྙིང་དང་། བར་གཡུ། གཡུ་གསར་བཅས་གསུམ་མཆིས། རོ་བསྐ། ཞུ་རྗེས་བསིལ། ནུས་པས་མཆིན་ཚད་དང་། དུག་ཚད་སེལ།

6.

༡ གཏེར་ཁ་ནས་ཐོན་པའི་རིན་པོ་ཆེ་མདོག་ལྗང་གུ་དང་དབྱིབས་སྣ་ཚོགས་ཡོད་པ། རྡོ་ལྟར་སྲ་བ། རྒྱན་ཆ་བྱེད་ཆོག་པ་ཞིག་ཡིན།

༢ མདོག་ལྗང་གུ་མཚོན་པ་སྟེ། གཡུ་མཚོ། གཡུ་ལོ་ཞེས་པ་ལྟ་བུ།

7.

ཀློང་རྡོལ་ངག་དབང་བློ་བཟང་གིས་མཛད་པའི《རིན་པོ་ཆེ་བརྟག་ཐབས་མདོར་བསྟུས་ཉུང་གསལ》ཟེར་བའི་གསེར་དངུལ་རིན་པོ་ཆེ་སོགས་ངོས་འཛིན་བརྟག་ཐབས་ནང། གཡུ་ལ་རིགས་ལྔ་ཙམ། གཡུ་སྦྱང་གྲུ་དཀར་བར་གཡུ་དང། །མཆིན་ཁ་ལ་སོགས་གཡུ་ལ་གཏོགས་ཙམ་ལྔ།། སུལ་མེད་དྲེག་མེད་གྲུ་དཀར་གྲུ་དམར་གཉིས། །ཟིལ་གནོན་གཡུ་སྦྱང་ནོར་བུ་སྤུག་ཅེས་གྲགས། །སུལ་མང་དྲེག་ལྡན་གཡུ་སྦྱང་མདོག་འདྲ་ཡང། །རིན་ཐང་ཆུང་ཞིང་གྲུ་དཀར་གྲུ་དམར་ཟེར། །འབྱུང་ཁུངས་གངས་ཅན་བོད་ཀྱི་བྲག་མ་གཏོགས། །འཛམ་གླིང་ཡུལ་གྲུ་ཀུན་ལས་མི་འབྱུང་བཤད། །འབྲིང་དང་ངན་པ་ཡུལ་གྲུ་ཀུན་ནས་ཐོན། །

8.

1.གཏེར་ཁ་ནས་ཐོན་པའི་རིན་པོ་ཆེ་མདོག་ལྗང་གུ་དང་དབྱིབས་སྣ་ཚོགས་ཡོད་པ། རྡོ་ལྟར་སྲ་བ། རྒྱན་ཆ་བྱེད་ཆོག་པ་ཞིག་ཡིན།

2.མདོག་ལྗང་གུ་མཚོན་པ་སྟེ།

Phoneme: