Skip to main content Skip to search
g.yu thog zam pa/
ID:
T184891
  • གཡུ་ཐོག་ཟམ་པ (Tibetan, Tibetan script, Original)
    • >  g.yu thog zam pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  yutok zampa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[2622] སྔར་ལྷ་སའི་གཙུག་ལག་ཁང་གི་ནུབ་ཕྱོགས་སུ་ཡོད་པའི་ཟམ་པ་རྒྱ་ལུགས་གྱོ་རྩི་ལྗང་གུའི་རྒྱ་ཕིབས་ཅན་ཞིག་...

2. Thupten Phuntsok Dictionary

སྔར་ལྷ་སའི་གཙུག་ལག་ཁང་གི་ནུབ་ཕྱོགས་སུ་ཡོད་པའི་ཟམ་པ་རྒྱ་ལུགས་གྱོ་རྩི་ལྗང་གུའི་རྒྱ་ཕིབས་ཅན་ཞིག

3. dung dkar bod rig pa'i tshig mdzod chen mo

ལྷ་ས་གྲོང་ཁུལ་གྱི་ལྷོ་ངོས་སུ་ཡོད་པའི་གཡུ་ཐོག་ཟམ་པ་ནི་བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་རླངས་འཁོར་ཤར་གཏོང་མ་ཐུབ་གོང་ལྷ་ས་དང་པོ་ཏ་ལའི་ཞོལ་བར་གྱི་འགྲུལ་ལམ་གཙོ་བོ་ཞིག་ཡིན། རྫ་གོ་གཡུ་རྩིའི་རྒྱ་ཕིབས་ཅན་གྱི་ཐོག་ཅན་ཟམ་པ་དེའི་རིང་ཚད་ལ་སྤྱི་ཁྲེ༡༨.༣དང་ཞེང་ཚད་ལ་སྤྱི་ཁྲེ༦.༥ཟམ་མིག་ལྔ་ཡོད་པའི་སྟེང་དུ་མཐོ་ཚད་ལ་སྤྱི་ཁྲེ་གསུམ་ཡན་ཡོད་པའི་རྡོ་རྩིག་དང། ཟམ་མིག་སྟེ་ཤར་ནུབ་ཏུ་བར་སྟོང་ལྔ་རེ་ཡོད་པའི་བར་བར་ན་རྒྱུག་སྒྲོམ་ཡོད་པ། རྩིག་ཐོག་ཏུ་གདུང་མ་དགུའི་སྟེང་ནས་རྒྱ་ཕིབས་ཀྱི་སྒྲོམ་བཟོས་ཡོད། དེའི་བཟོ་རྩལ་ནི་བོད་རྒྱའི་ལག་རྩལ་ཟུང་སྦྲེལ་བྱས་པ་ཞིག་ཡིན། ཟམ་འོག་དེར་དེ་སྔ་ལྷ་སའི་གྲོང་ནང་གི་རྫབ་ཆུ་ཕལ་ཆེར་འདུ་ཞིང། གདུང་མ་དཀྱིལ་མའི་ངོས་སུ་ལྕགས་ཀྱི་ཨ་ལོང་ཞིག་ཡོད་པ་དེ་ལྷ་སའི་སྣང་རྩེ་ཤག་དང། ཞོལ་པ་ལས་ཁུངས་ཀྱི་ཁྱབ་ཁོངས་དབྱེ་ས་ཡིན་སྐད། ཟམ་པ་དེ་ དམངས་ཁྲོད་དུ་ཝུན་ཁྲེན་ཀོང་ཇོས་སྐྲུན་པ་རེད་ཟེར་ཡང་རི་མོ་རྙིང་པ་ཚད་ལྡན་རྣམས་སུ་གཡུ་ཐོག་ཟམ་པ་མི་གསལ་ལ་ཀོང་ཇོས་ཟམ་པ་སྐྲུན་སྐོར་ལོ་རྒྱུས་ཡིག་ཆར་མི་སྣང། ཡང་ལ་ལས་ཟམ་པ་དེ་ནི་དུས་རབས་བཅོ་བརྒྱད་པའི་ནང་ཆིང་རྒྱལ་རབས་ཀྱི་བོད་བཞུགས་ཨམ་བན་ཞིག་ནས་སྐྲུན་སྐད་འདུག་པ་དེ་ཁུངས་དག་པར་སེམས། དེང་སྐབས་ཟམ་པ་དེ་འགྲུལ་ལམ་དུ་གོ་མི་ཆོད་ཀྱང་གྲོང་ཁྱེར་གྱི་གནའ་ཤུལ་སྲུང་སྐྱོབ་བྱ་ཡུལ་གྱི་གྲས་ཡིན།

4. smon lam tshig mdzod chen mo

སྔར་ལྷ་སའི་གཙུག་ལག་ཁང་གི་ནུབ་ཕྱོགས་སུ་ཡོད་པའི་ཟམ་པ་ཞིག་སྟེ། རྒྱ་ལུགས་གྱོ་རྩི་ལྗང་གུའི་རྒྱ་ཕིབས་ཅན་ཞིག

5. Rangjung Yeshe Dictionary

Turquoise Roof Bridge, in Lhasa

Turquoise Roof Bridge; a famous bridge in Lhasa erected by Yutok Yönten Gönpo, the famous luminary of Tibetan medicine. [MR]

6. Ives Waldo Dictionary

གཡུ་ཐོག་ཟམ་པ་ bridge, Lhasa

Phoneme: