Skip to main content Skip to search
shAkya thub pa/
ID:
T199808
  • ཤཱཀྱ་ཐུབ་པ (Tibetan, Tibetan script, Original)
    • >  shAkya thub pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  shakyatuppa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[2830] ༼ལེགས༽ ཤཱཀྱ་མུ་ནེ། ... ཤཱཀྱ་ཐུབ་པས་བཀག་ཀྱང་མི་ཁོགས་པ་དང། འཇམ་དཔལ་དབྱངས་ཀྱིས་བཙལ་ཀྱང་མི་རྙེད་པ། ...

2. Thupten Phuntsok Dictionary

〔ལེགས〕ཤཱཀྱ་མུ་ནེ། ཤཱཀྱ་ཐུབ་པས་བཀག་ཀྱང་མི་ཁོགས་པ་དང་། འཇམ་དཔལ་དབྱངས་ཀྱིས་བཙལ་ཀྱང་མི་རྙེད་པ།

3. dag yig gsar bsgrigs

སངས་རྒྱས་ཤཱཀྱ་མུ་ནེ་སྟེ། ཆུང་དུས་མཚན་དོན་ཀུན་གྲུབ་པ་ཞེས་གྲགས། ཁོང་ནི་དྲི་མེད་ཤཱཀྱའི་རྒྱལ་རྒྱུད་ལས་ཡབ་ཟས་གཙང་མའི་རིགས་སུ་སྐུ་འཁྲུངས་པ་ཡིན་ལ། ས་མོ་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཉ་ལ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས། ལྕགས་ཕོ་སྤྲེལ་ལོའི་ས་ག་ཟླ་བའི་ཚེས་བདུན་ལ་ལུམྦི་ནའི་ཚལ་དུ་སྐུ་བལྟམས། གཞོན་ནུའི་དུས་ནས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་རང་དབང་དུ་བྱས། བུ་མོ་ས་འཚོ་མ་སོགས་ཁབ་ཏུ་བཞེས་ཏེ་བཙུན་མོའི་ཚོགས་ཀྱིས་བསྐོར་ཏེ་རྒྱལ་སྲིད་བསྐྱངས། དགུང་ལོ་ཉེར་དགུའི་ཐོག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མཆོད་རྟེན་རྣམ་དག་གི་དྲུང་དུ་དཔལ་རང་བྱུང་གིས་བསྙེན་པར་རྫོགས ། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད། དགུང་ལོ་སོ་ལྔ་པ་ཤིང་ཕོ་རྟའི་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་ལ་མངོན་པར་རྫོགས་པར་སངས་རྒྱས། དེ་ནས་ཞག་བདུན་ཕྲག་བདུན་གྱི་མཐར་ཆུ་སྟོད་ཟླ་བའི་ཚེས་བཞིར་ཡུལ་ཝརཱ་ཎ་སིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར། རིམ་བཞིན་རྒྱལ་པོའི་ཁབ་དང་། བྱ་རྒོད་ཕུང་པོ་ལ་སོགས་པར་བཀའ་བར་པ་མཚན་ཉིད་མེད་པ་དང་། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའོ་ཆོས་ཀྱི་འཁོར་ལོ་བསྐོར། མཐར་དགུང་ལོ་གྱ་གཅིག་པ་ལྕགས་འབྲུག་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གནས་རྩྭ་མཆོག་དྲུང་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་སོགས་མཛད་པ་ཆེན་པོ་བཅུ་གཉིས་ཡོད་དོ།

4. dung dkar bod rig pa'i tshig mdzod chen mo

བདག་ཅག་གི་སྟོན་པའི་མཚན་ཏེ་ཤཱཀྱ་ནི་ཕོད་པའི་དོན་དང་ཐུབ་པ་ནི་བདུད་བཞི་ཐུབ་པ་ལའང་།

5. smon lam tshig mdzod chen mo

ལེགས ཤཱཀྱ་མུ་ནེ། ཤཱཀྱ་ཐུབ་པས་བཀག་ཀྱང་མི་ཁོགས་པ་དང༌། འཇམ་དཔལ་དབྱངས་ཀྱིས་བཙལ་ཀྱང་མི་རྙེད་པ།…

2.སངས་རྒྱས་ཀྱི་ཆོས་ལུགས་ཀྱི་སྲོལ་བཏོད་པ་པོ།

6. Negi Tibetan-Sanskrit Dictionary

nā. śākyamuniḥ 1. buddhaḥ — ལག་བཟང་དང … ཤཱཀྱ་ཐུབ་པ་དང་། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་མང་པོ་དག་གིས subāhuḥ…śākyamuniśceti

etaiścānyaiśca bahubhirbuddhairbhagavadbhiḥ ma.mū.93kha/5; དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ༎ namaḥ śākyamunaye tathāgatāyārhate samyaksaṃbuddhāya śi.sa.94kha/94 2. bodhisattvaḥ — དེའི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་འབྲས་བུ་དང་རྩ་བ་དག་གི་ཕྱིར་རིའི་རྒྱལ་པོ་གངས་ཀྱི་སྟེང་དུ་སོང་སྟེ tasmiṃśca kāle śākyamunirbodhisattvaḥ phalamūlānāmarthe himavantaṃ parvatamabhirūḍhaḥ a.śa.273kha/251.

Phoneme: