Skip to main content Skip to search
shing bzo/
ID:
T200942
  • ཤིང་བཟོ (Tibetan, Tibetan script, Original)
    • >  shing bzo/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  shingzo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཤིང་ཆས་སྣ་ཚོགས་བཟོ་བའི་ལག་རྩལ་པ་ལ་ཟེར།

2. dung dkar bod rig pa'i tshig mdzod chen mo

ཤིང་བཟོའི་ལག་རྩལ་ནི་བོད་དུ་གནའ་རབས་བསྐལ་པ་ཡ་ཐོག་གི་དུས་སྐབས་ནས་རིམ་བཞིན་འཕེལ་རྒྱས་བྱུང་ཞིང་། སྤྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན་ལ་རྒྱལ་པོ་གཉའ་ཁྲི་བཙན་པོས་ཡུམ་བུ་བླ་མཁར་བཞེངས་པ་དང་། དེ་ནས་རྒྱལ་རབས་དགུ་པ་རྒྱལ་པོ་པུ་དེ་གུང་རྒྱལ་གྱི་དུས་སུ་ཤིང་ལ་བུག་པ་ཕུག་ཏེ(གཉའ་ཤིང)དང(གཤོལ་མདའ)(གཤོལ་ཕུར)བཟོ་བ། ཆུ་ཆེན་ལ་ཤིང་གི་ཟམ་པ་འཛུགས་པ་བཅས་བྱས་ཡོད། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ལྷ་ས་གཙུག་ལག་ཁང་བཞེངས་སྐབས་ཀ་བ་བཟོ་དབྱིབས་མི་འདྲ་བ་དང་། ལྕམ་སྣ་ལ་སེང་གེའི་གཟུགས། གདུང་མ་དང་། གཞུའི་ལྡེབས་ལ་རོ་སྒྲུང་དང་དམངས་ཁྲོད་ཀྱི་སྒྲུང་གཏམ་ནང་བཤད་པའི་གཏམ་རྒྱུད་རི་མོ་སྣ་ཚོགས་ཤིང་ལ་བརྐོས་པ་དེང་སང་ཡང་ལྟ་རྒྱུ་ཡོད། དེ་རྗེས་རིམ་པར་ཡོན་རྒྱལ་རབས་ཀྱི་སྐབས་བཞེངས་པའི་ས་སྐྱའི་ལྷ་ཁང་ཆེན་མོ་དང་ཞ་ལུའི་གསེར་ཁང་ཆེན་མོ། མིང་རྒྱལ་རབས་སྐབས་བཞེངས་པའི་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་གཙུག་ལག་ཁང་བཅས་ལ་གཟིགས་ན་མཁྱེན་ཐུབ། ཤིང་གི་ཐོག་ཡི་གེ་བརྐོ་བའི་ལག་རྩལ་ནི། སྤྱི་ལོའི་དུས་རབས་བཅོ་ལྔ་པའི་འགོར་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་དང་། རྗེ་ཙོང་ཁ་པར་བོད་ཡིག་གི་བཀའ་འགྱུར་ཆ་ཚང་འབུལ་རྒྱུ་བསྐུར་ནས་བོད་ལ་ཤིང་དཔར་བརྐོ་བའི་ ལག་རྩལ་དར་བའི་སྐོར་གནད་བསྡུས་ཙམ་ཞིག་ཁོ་བས་བྲིས་པའི<<བོད་ཀྱི་དཔར་བསྐྲུན>>ཞེས་པའི་ཆེད་རྩོམ་ནང་གསལ། པོ་ཏ་ལའི་ཕོ་ཕྲང་དམར་པོ་གསར་བཞེངས་སྐབས་བོད་ཀྱི་ཤིང་བཟོའི་ལག་རྩལ་མཁས་པ་ཡོད་ཚད་ བསྡུས་པའི་ནང་ཤིང་བཟོ(དབུ་ཆེན)གཅིག་སྟེ་དོལ་གནས་གསར་པ་འཇམ་དབྱངས་དབང་པོ། དབུ་ཆུང(རྩེ་ཁ་ཆོས་སྐྱོང་སོགས)མི་གྲངས་བཅུ་གསུམ། ཤིང་བརྐོས་དབུ་ཆེན་མི་གཉིས(རྒྱ་རི་བསྟན་འཕེལ་སོགས)ཤིང་བརྐོས་ལག་རྩལ་ཨང་དང་གྲས(ས་གླང་གྲོང་པ་སོགས)མི་གྲངས་དགུ་བཅུ་གོ་ལྔ། ཤིང་བརྐོས་ལག་རྩལ་པ་འབྲིང་གྲས(རྒྱ་རི་ཙན་དན་སོགས)མི་གྲངས་བཅུ། ཤིང་བཟོ་བ་དཀྱུས་མ(རིན་སྤུངས་ཐང་དཀར་ཚེ་བདག་སོགས)མི་གྲངས་བརྒྱ་ཅུ་གྱ་དགུ། ཤིང་བཟོ་ཙག་ཙིག་བྱེད་མཁན(པ་སྣམ་མགོན་པོ་སོགས)མི་གྲངས་བཞི་བཅུ་ཞེ་གསུམ་བཅས་ཡོད། ཤིང་བཟོ་དབུ་ཆེན་གྱི་ལས་འགན་ནི་རྡོ་བཟོ་དབུ་ཆེན་དབུ་ཆུང་དང་མཉམ་འབྲེལ་གྱིས་ས་ཁྲ་བཀོད་རྒྱུ་དང་། ཐིག་ཚད་གཏན་འཁེལ་བྱེད་རྒྱུ། ཤིང་བཟོའི་ལས་ཀར་བཀོད་འདོམས་བྱེད་རྒྱུ་བཅས་ཡིན། དབུ་ཆུང་ནི་ལས་ཡུལ་དངོས་སུ་ཤིང་བཟོའི་ལག་ལེན་ཡོངས་རྫོགས་ལག་བསྟར་བྱེད་རྒྱུ་དང་དབུ་ཆེན་ལ་རོགས་རམ་བྱེད་རྒྱུ་དེ་ཡིན། དཀྱུས་མའི་གྲས་རྣམས་ཐིག་ཚད་གཏན་འཁེལ་ལྟར་ཤིང་གཅོད་རྒྱུ་དང་། རགས་བཟོ། འབུར་ལེན་རྒྱག་རྒྱུ། ཁོད་སྙོམས་བཟོ་རྒྱུ། ཤིང་བརྐོས་པ་རྣམས་ཀྱིས་ལྷ་བྲིས་པས་ཤོག་དཔར་བྲིས་པ་ལྟར་རི་མོར་བརྐོས་རྒྱུ་བཅས་ཡིན། (ཁོང་ཚོའི་མིང་དང་སྐྱེ་ཡུལ་སོགས་ཞིབ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ལེའུ་བཞི་པར་གསལ།

3. Rangjung Yeshe Dictionary

carpenter

4. Ives Waldo Dictionary

carpentry

woodworking, carpentry

Phoneme: