Skip to main content Skip to search
sa skya paN+Di ta/
ID:
T204110
  • ས་སྐྱ་པཎྜི་ཏ (Tibetan, Tibetan script, Original)
    • >  sa skya paN+Di ta/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  sakya pandita (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1.

[2889] ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འདི་ཉིད་ས་ཆེན་གྱི་སྲས་བཞི་པ་འཁོན་དཔལ་ཆེན་འོད་པོའི་སྲས་སུ་རབ་བྱུང་གསུམ་པའི་ཆུ་སྟག་ལོར་གཙང་དུ་སྐུ་འཁྲུངས། རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པ་གསན། དགུང་ལོ་ཉེར་གསུམ་ནས་བཟུང་ཁ་ཆེ་པཎ་ཆེན་མཁན་སློབ་ལས་རིག་གནས་ཆེ་ཆུང་བཅུ་ལ་སྦྱངས་པ་མཐར་ཕྱིན་མཛད་པས་པཎྜི་ཏའི་མཚན་སྙན་ཐོབ་པ་འདི་བོད་ལྗོངས་ཀྱི་པཎྜི་ཏ་དང་པོ་དེ་ཡིན། རབ་བྱུང་བཞི་པའི་ཤིང་འབྲུག་ལོར་ཧོར་རྒྱལ་ཨོ་གོ་ཏའི་སྲས་གོ་དན་གྱིས་གདན་དྲངས་པ་བཞིན་ཁོང་རང་དང། སྐུ་ཚ་འགྲོ་མགོན་འཕགས་པ་དང་ཕྱག་ན་གཉིས་བཅས་ལྱང་ཅུ་སྡེ་བཞི་སྟེ་དེང་སང་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཝེ་ས་ཆར་ཕེབས་ནས་རྒྱལ་པོ་དང་མཇལ། ཡོན་མཆོད་ཀྱི་འབྲེལ་བ་ཆགས། བོད་དུ་དཔོན་རིགས་བསྐོ་ལུགས་དང། ཁྲལ་འུལ་བསྐུལ་ཚུལ་སོགས་ལ་ཞལ་འཆམས་ཏེ། བོད་ཀྱི་བཀའ་གྲོས་ལ་དབང་བའི་བླ་དཔོན་སེར་སྐྱ་རྣམས་ལ་ཡི་གེ་སྔ་ཕྱི་ལན་གཉིས་བཏང་ནས་དབུས་གཙང་གི་ས་ཕྱོགས་རྣམས་ཧོར་རྒྱལ་པོའི་མངའ་ཁོངས་སུ་བཅུག་སྡོམ་གསུམ་རབ་དབྱེ་དང། ཚད་མ་རིག་གཏེར། མཁས་འཇུག་ལེགས་བཤད་རིན་པོ་ཆེའི་གཏེར་སོགས་མང་དུ་བརྩམས། རང་ལོ་བདུན་ཅུ་པ་རབ་བྱུང་བཞི་པའི་ལྕགས་ཕག་ལོར་འདས། ...

2.

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འདི་ཉིད་ས་ཆེན་གྱི་སྲས་བཞི་པ་འཁོན་དཔལ་ཆེན་འོད་པོའི་སྲས་སུ་རབ་བྱུང་གསུམ་པའི་ཆུ་སྟག་ལོར་གཙང་དུ་སྐུ་འཁྲུངས། རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པ་གསན། དགུང་ལོ་ཉེར་གསུམ་ནས་བཟུང་ཁ་ཆེ་པཎ་ཆེན་མཁན་སློབ་ལས་རིག་གནས་ཆེ་ཆུང་བཅུ་ལ་སྦྱངས་པ་མཐར་ཕྱིན་མཛད་པས་པཎྜི་ཏའི་མཚན་སྙན་ཐོབ་པ་འདི་བོད་ལྗོངས་ཀྱི་པཎྜི་ཏ་དང་པོ་དེ་ཡིན། རབ་བྱུང་བཞི་པའི་ཤིང་འབྲུག་ལོར་ཧོར་རྒྱལ་ཨོ་གོ་ཏའི་སྲས་གོ་དན་གྱིས་གདན་དྲངས་པ་བཞིན་ཁོང་རང་དང་། སྐུ་ཚ་འགྲོ་མགོན་འཕགས་པ་དང་ཕྱག་ན་གཉིས་བཅས་ལྱང་ཅུ་སྡེ་བཞི་སྟེ་དེང་སང་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཝེ་ས་ཆར་ཕེབས་ནས་རྒྱལ་པོ་དང་མཇལ། ཡོན་མཆོད་ཀྱི་འབྲེལ་བ་ཆགས། སྡོམ་གསུམ་རབ་དབྱེ་དང་། ཚད་མ་རིག་གཏེར། མཁས་འཇུག ལེགས་བཤད་རིན་པོ་ཆེའི་གཏེར་སོགས་མང་དུ་བརྩམས། བོད་ཀྱི་པཎྜི་ཏའི་དང་པོར་གྲགས་ཤིང་། མུ་སྟེགས་པ་འཕྲོག་བྱེད་དགའ་བོ་ཚར་བཅད་པ་བཅས་མཛད་པ་ཧ་ཅང་ངོ་མཚར་བ་མང་། རང་ལོ་བདུན་ཅུ་པ་རབ་བྱུང་བཞི་པའི་ལྕགས་ཕག་ལོར་སྐུ་གཤེགས།

3.

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འདི་ཉིད་ས་ཆེན་གྱི་སྲས་བཞི་པ་འཁོན་དཔལ་ཆེན་འོད་པོའི་སྲས་སུ་རབ་བྱུང་གསུམ་པའི་ཆུ་སྟག་ལོར་གཙང་དུ་སྐུ་འཁྲུངས། རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པ་གསན། དགུང་ལོ་ཉེར་གསུམ་ནས་བཟུང་ཁ་ཆེ་པཎ་ཆེན་མཁན་སློབ་ལས་རིག་གནས་ཆེ་ཆུང་བཅུ་ལ་སྦྱངས་པ་མཐར་ཕྱིན་མཛད་པས་པཎྜི་ཏའི་མཚན་སྙན་ཐོབ་པ་འདི་བོད་ལྗོངས་ཀྱི་པཎྜི་ཏ་དང་པོ་དེ་ཡིན། རབ་བྱུང་བཞི་པའི་ཤིང་འབྲུག་ལོར་ཧོར་རྒྱལ་ཨོ་གོ་ཏའི་སྲས་གོ་དན་གྱིས་གདན་དྲངས་པ་བཞིན་ཁོང་རང་དང༌། སྐུ་ཚ་འགྲོ་མགོན་འཕགས་པ་དང་ཕྱག་ན་གཉིས་བཅས་ལྱང་ཅུ་སྡེ་བཞི་སྟེ་དེང་སང་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཝེ་ས་ཆར་ཕེབས་ནས་རྒྱལ་པོ་དང་མཇལ། ཡོན་མཆོད་ཀྱི་འབྲེལ་བ་ཆགས། བོད་དུ་དཔོན་རིགས་བསྐོ་ལུགས་དང༌། ཁྲལ་འུལ་བསྐུལ་ཚུལ་སོགས་ལ་ཞལ་འཆམས་ཏེ། བོད་ཀྱི་བཀའ་གྲོས་ལ་དབང་བའི་བླ་དཔོན་སེར་སྐྱ་རྣམས་ལ་ཡི་གེ་སྔ་ཕྱི་ལན་གཉིས་བཏང་ནས་དབུས་གཙང་གི་ས་ཕྱོགས་རྣམས་ཧོར་རྒྱལ་པོའི་མངའ་ཁོངས་སུ་བཅུག་སྡོམ་གསུམ་རབ་དབྱེ་དང༌། ཚད་མ་རིག་གཏེར། མཁས་འཇུག་ལེགས་བཤད་རིན་པོ་ཆེའི་གཏེར་སོགས་མང་དུ་བརྩམས། རང་ལོ་བདུན་ཅུ་པ་རབ་བྱུང་བཞི་པའི་ལྕགས་ཕག་ལོར་འདས།

Phoneme: