Skip to main content Skip to search
sog po stag khrid/
ID:
T209255
  • སོག་པོ་སྟག་ཁྲིད (Tibetan, Tibetan script, Original)
    • >  sog po stag khrid/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  sokpo taktri (Tibetan, Latin script, Transcription-THL Simplified Tibetan Transcription)

sgo skyor rtsig ldebs su 'bri ba'i sog pos stag khrid pa'i ri mo, bgegs dbang bar chad med cing bkra shis bde legs yong ba'i mtshon byed cig

Subjects

རི་མོ་འདི་ས་དགེ་རྙིང་གསུམ་གྱི་དགོན་པའི་ནང་དུ་མཐོང་རྒྱུ་ཡོད་པ་རེད། འོན་ཀྱང་བཀའ་བརྒྱུད་པའི་དགོན་པའི་ནང་རྩ་བ་ནས་མཐོང་རྒྱུ་མེད། རྒྱུ་མཚན་གང་ཞེ་ན། རི་མོ་འདི་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྗེས་གསར་གཏོད་བྱས་པ་ཞིག་སྟེ། དེའང་སོག་དམག་གིས་གཙང་པ་རྒྱལ་པོ་བཏུལ་ཞིང་ཀརྨ་པའི་ཆོས་ཚོགས་སྒར་ཆེན་འཛམ་གླིང་རྒྱན་ཞེས་པ་དེ་གཏོར་ནས་བཀའ་བརྒྱུད་པའི་དགོན་པ་མངཔོ་ཞིག་གཏོར་བརླག་བྱས་པ་དང་། བཙན་ཤེད་ཀྱིས་དགེ་ལུགས་པར་བསྒྱུར་བ་སོགས་བྱས་པའི་སྐབས་སུ་རི་མོ་འདི་འབྲི་སྲོལ་དར་བ་དང་། དེས་སྟག་ནི་བཀའ་བརྒྱུད་པ་མཚན་བྱེད་དང་། སོག་པོས་སྟག་གི་སྐེ་ལ་ལྕགས་ཐག་བཀོན་ནས་ཁྲིད་པ་ནི་སོག་པོའི་སྟོབས་ཤུགས་ཆེན་པོ་ཡིན་པར་མཚོན་བྱེད་ཡིན་ཞེས་ཐང་བླ་ཚེ་དབང་མཆོག་གིས་རི་མོའི་འགྲེལ་སྐབས་གསུངས་བྱུང་། སྤྱིར་དེང་དུས་བཀའ་བརྒྱུད་པའི་དགོན་པ་གང་ཡིན་ཐམས་ཅད་ནང་དུ་སྒོ་འགག་ན་སྟག་བརྗིད་ཉམས་དང་ལྡན་པ་ཆ་གཅིག་འབྲི་སྲོལ་ཡོད་པ་དང་། གྲུབ་མཐའ་གཞན་གྱི་དགོན་པའི་སྒོ་འགག་ན་སོག་པོ་སྟག་ཁྲིད་འབྲི་སྲོལ་ཡོད་པ་རེད།

Subjects

སྒོ་སྐྱོར་རྩིག་ལྡེབས་སུ་འབྲི་བའི་སོག་པོས་སྟག་ཁྲིད་པའི་རི་མོ། བགེགས་དབང་བར་ཆད་མེད་ཅིང་བཀྲ་ཤིས་བདེ་ལེགས་ཡོང་བའི་མཚོན་བྱེད་ཅིག

Subjects

[2961] སྒོ་སྐྱོར་རྩིག་ལྡེབས་སུ་འབྲི་བའི་སོག་པོས་སྟག་ཁྲིད་པའི་རི་མོ། བགེགས་དབང་བར་ཆད་མེད་ཅིང་བཀྲ་ཤིས་བདེ་ལེགས་ཡོང་བའི་མཚོན་བྱེད་ཅིག་...

Subjects

Other Dictionaries

Other Dictionaries

Phoneme: