Skip to main content Skip to search
lha lung dpal rdor/
ID:
T217560
  • ལྷ་ལུང་དཔལ་རྡོར (Tibetan, Tibetan script, Original)
    • >  lha lung dpal rdor/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  lhalung peldor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཆོས་འབྱུང་མཁས་པའི་དགའ་སྟོན》ནང་ལྷ་ལུང་དཔལ་གྱི་རྡོ་རྗེ་འབྲོམ་ཐོད་གུང་མོ་ཆེར་འཁྲུངས་ཞེས་སོགས་གསལ་ཞིང་། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་སྤྱི་ལོའི་དུས་རབས་བརྒྱད་པ་ཡས་མས་སུ་འབྲོམ་ཐོད་གུང་མོ་ཆེར་སྐུ་འཁྲུངས།སྐྱ་མིང་དུ་སྟག་ཉ་བཟང་ཞེས་ཟེར་ཞིང་། རྒྱ་བོད་ཀྱི་ས་མཚམས་སྲུང་བའི་དམག་དཔོན་མཛད། བི་མ་མི་ཊ་ལས་རབ་ཏུ་བྱུང་ནས་མཚན་དཔལ་གྱི་རྡོ་རྗེར་བཏགས། སློབ་དཔོན་པདྨ་སམ་བྷ་ནས་བྱང་སེམས་ཀྱི་སྡོམ་པ་ཞུས། གྲིབ་ཀྱི་དཀར་མོ་རོང་དུ་སྒོམ་ལ་ཞུགས་སྐབས་ཆོས་གོས་རླུང་གིས་འཁྱེར་བའི་རྗེས་སུ་སྙེགས་ཏེ་བྲག་ཡེར་པར་བྱོན་ནས་སྒོམ་ཞིང་བཞུགས་པས་ཐུགས་དམ་གྱི་རྟེན་ཤཱཀྱ་ཐུབ་པ་སོགས་བཞེངས། དཔལ་གྱི་རྡོ་རྗེའི་སློབ་མ་སོག་པོ་དཔལ་གྱི་གཞོན་ནུ་སོགས་མི་བཅུ་གསུམ་གྲུབ་པ་ཐོབ། སྤྱི་ལོའི་དུས་རབས་དགུ་པའི་ནང་བཙན་པོ་གླང་དར་མས་ཆོས་སྣུབ་སྐབས་ལྷ་ལུང་དཔལ་རྡོར་ཡེར་པར་སྒོམ་སྒྲུབ་མཛད་བཞིན་ཡོད་པས་ལྷ་ལུང་དཔལ་རྡོར་གྱིས་ལྷ་སར་བྱོན་ནས་བཙན་པོ་གླང་དར་རྡོ་རིང་གི་ཡི་གེ་ཀློག་པའི་སྐབས་དང་བསྟུན་ནས་མདའ་འཕངས་ཏེ་བཙན་པོ་བཀྲོངས་ནས་མདོ་སྨད (མཚོ་སྔོན) དུ་བྲོས་ཏེ་སྒོམ་བརྒྱབ་ནས་བཞུགས། སྤྱི་ལོའི་དུས་རབས་བཅུ་པའི་ནང་བླ་ཆེན་དགོངས་པ་རབ་གསལ་རབ་ཏུ་བྱུང་སྐབས་ཀྱང་ལྷ་ལུང་དཔལ་རྡོར་འཚོ་བཞུགས་ཡོད་ཚུལ་སོགས་ཆོས་འབྱུང་འགའ་ཞིག་ཏུ་གསལ། གོང་གསལ་ལྷ་ལུང་དཔལ་རྡོར་གྱི་འཁྲུངས་ཡུལ་ནི་དེང་སང་འབྲོམ་ཐོད་ཤང་སྙན་རོང་ཞེས་པའི་ཉེ་འདབས་སུ་གུར་པ་ཞེས་པའི་ས་ཆ་ཞིག་ཡོད་པ་དེ་མིན་ནམ་སྙམ།

2. dung dkar bod rig pa'i tshig mdzod chen mo

《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་ལྷ་ལུང་དཔལ་གྱི་རྡོ་རྗེ་འབྲོམ་ཐོད་གུང་མོ་ཆེར་འཁྲུངས་ཞེས་སོགས་གསལ་ཞིང་། ལྷ་ལུང་དཔལ་རྡོར་གྱི་རྡོ་རྗེ་ནི་སྤྱི་ལོའི་དུས་རབས་བརྒྱད་པ་ཡས་མས་སུ་ཐོད་གུང་མོ་ཆེར་འཁྲུངས། སྐྱ་མིང་དུ་སྟག་ཉ་བཟང་ཞེས་ཟེར་ཞིང། རྒྱ་བོད་ཀྱི་ས་མཚམས་སྲུང་བའི་དམག་དཔོན་མཛད། བི་མ་ལ་མི་ཊ་ལས་རབ་ཏུ་བྱུང་ནས་མཚན་དཔལ་གྱི་རྡོ་རྗེར་བཏགས། སློབ་དཔོན་པདྨ་སམ་བྷ་ནས་བྱང་སེམས་ཀྱི་སྡོམ་པ་ཞུས། གྲིབ་ཀྱི་དཀར་མོ་རོང་དུ་སྒོམ་ལ་ཞུགས་སྐབས་ཆོས་གོས་རླུང་གིས་འཁྱེར་བའི་རྗེས་སུ་སྙེགས་ཏེ་བྲག་ཡེར་པར་བྱོན་ནས་སྒོམ་ཞིང་བཞུགས་པས་ཐུགས་དམ་གྱི་རྟེན་ཤཱཀྱ་ཐུབ་པ་སོགས་བཞེངས། དཔལ་གྱི་རྡོ་རྗེའི་སློབ་མ་སོག་པོ་དཔལ་གྱི་གཞོན་ནུ་སོགས་མི་བཅུ་གསུམ་གྲུབ་པ་ཐོབ། སྤྱི་ལོའི་དུས་རབས་དགུ་པའི་ནང་བཙན་པོ་གླང་དར་མས་ཆོས་སྣུབ་སྐབས་དཔལ་རྡོར་ཡེར་པར་སྒོམ་སྒྲུབ་མཛད་བཞིན་ཡོད་པས་ལྷ་ལུང་དཔལ་རྡོར་གྱིས་ལྷ་སར་བྱོན་ནས་བཙན་པོ་གླང་དར་རྡོ་རིང་ཡི་གེ་ཀློག་པའི་སྐབས་དང་བསྟུན་ནས་མདའ་འཕངས་ཏེ་བཙན་པོ་བཀྲོངས་ནས་མདོ་སྨད་(མཚོ་སྔོན་)དུ་བྲོས་ཏེ་སྒོམ་བརྒྱབ་ནས་བཞུགས། སྤྱི་ལོའི་དུས་རབས་བཅུ་པའི་ནང་བླ་ཆེན་དགོངས་པ་རབ་གསལ་རབ་ཏུ་བྱུང་སྐབས་ཀྱང་ལྷ་ལུང་དཔལ་རྡོར་འཚོ་བཞུགས་ཡོད་ཚུལ་སོགས་ཆོས་འབྱུང་དགའ་ཞིག་ཏུ་གསལ། གོང་གསལ་ལྷ་ལུང་དཔལ་རྡོར་གྱི་འཁྲུངས་ཡུལ་ནི་དེང་སང་འབྲོམ་ཐོད་ཤམ་སྙན་ཞེས་པའི་ཉེ་འདབས་སུ་གུར་པ་ཞེས་པའི་ས་ཆ་ཞིག་ཡོད་པ་མིན་ནམ་སྙམ།

3. Rangjung Yeshe Dictionary

Lhalung Paldor

4. Ives Waldo Dictionary

Lhalung paldor [killer of king glang dar ma]

Lhalung paldor

Phoneme: