Skip to main content Skip to search
karma pa
ID:
T223009
  • ཀརྨ་པ (Tibetan, Tibetan script, Original)
    • >  karma pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  karma pa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1.

〔ལེགས〕 (1) འཕྲིན་ལས་ཀྱི་དོན་ཡིན། (2) དེ་ཡང་ངོ་བོ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས་འདི་ཉིད། སྙིགས་དུས་ཀྱི་གདུལ་བྱ་འདུལ་བ་ལ་བསམ་བཞིན་དུ་སྐྱེ་བ་བཞེས་པའི་རྣམ་པ་མཆོག་གི་སྤྲུལ་པའི་སྐུའི་ངང་ཚུལ་དུ་བྱོན་པ་ཞིག་ངོས་འཛིན། མདོར་བསྡུས་ན་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྲིན་ལས་ཀྱི་སྤྲུལ་པ་ཡིན་པས་ན་ཀརྨ་པ་ཞེས་ཡོངས་སུ་གྲགས་པ་འདི་བྱུང་།

2.

༡ འཕྲིན་ལས་པ།

༢ ཀརྨ་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་མཁན་བླ་མ་སོགས།

3.

དུས་རབས་བཅུ་གཉིས་པའི་མཇུག་རབ་བྱུང་གསུམ་པའི་ཤིང་སྦྲུལ(༡༡༨༥)ལོར་མཉམ་མེད་དྭགས་པོ་ལྷ་རྗེའི་སློབ་མ་དུས་གསུམ་མཁྱེན་པས་ཁམས་ཁུལ་དུ་ཀརྨ་ལྷ་སྟེང་གི་དགོན་པ་བཏབ་ཏེ་གནས་གཞི་བཟུང་། དེ་ནས་བཟུང་ཁོང་ལ་ཀརྨ་པ་ཞེས་མིང་ཐོགས་ཤིང་། ཆོས་བརྒྱུད་ལ་ཀརྨ་བཀའ་བརྒྱུད་ཟེར་ཞིང་དབུ་ཞྭ་ནག་པོ་ཡིན་པས་ཀརྨ་ཞྭ་ནག་པ་ཟེར། དེའི་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་མདོར་བསྡུས་གཤམ་དུ་གསལ།

4.

1.(ལེགས་སྦྱར) འཕྲིན་ལས་པ།

2.ཀརྨ་བཀའ་བརྒྱུད་པའི་བླ་ཆེན་ཀརྨ་རིན་པོ་ཆེའི་སྐུ་འཕྲེང་རིམ་བྱོན་གྱི་མཚན་།

3.ཀརྨ་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པའི་བླ་མ་དང་མཁན་པོ་སོགས་ལ་ཡང་ཀརྨ་པ་ཟེར།

5.

༼ལེགས༽་༡༽་འཕྲིན་ལས་པ།་༢༽་ཀརྨ་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་མཁན་བླ་མ་སོགས།

Phoneme: