- ID:
- T225559
-
ཁྲི་ཆེན་ལྷུན་གྲུབ་བརྩོན་འགྲུས
(Tibetan, Tibetan script, Original)
- > khri chen lhun grub brtson 'grus (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen lhündrub tsöndrü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་གོ་བཞི་པ) འཁྲུངས་སའི་ཡུལ་ནི་རོང་དང་གཡག་སྡེའི་མཚམས་ཀྱི་དཀར་ཅོག་སྤང་སྤུར་གྱི་མི་ཚང་ཞིག་ཡིན་ཞེས་གསུངས་པ་ཐོས། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག (༡༩༤༠) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བདུན་བསྐྱངས། རབ་བྱུང་བཅུ་དྲུག་པའི་ས་གླང (༡༩༦༩) ལོར་བསྟན་རྒྱས་གླིང་དུསྤྱོད་འཇུག་ཆེན་མོ》བཀའ་ཁྲིད་གནས་མུས་མཇུག་མ་རྫོགས་གོང་ཙམ་དུ་སྐུ་གཤེགས།
Further Details- Language:
- Tibetan
2. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་གོ་བཞི་པ)འཁྲུངས་སའི་ཡུལ་ནི་རོང་དང་གཡག་སྡེའི་མཚམས་ཀྱི་དཀར་ཅོག་སྤང་སྤུར་གྱི་མི་ཚང་ཞིག་ཡིན་འེས་གསུངས་པ་ཐོས། སྐུ་ན་ཆུང་དུས་ཤངས་དགའ་ལྡན་ཆོས་འཁོར་དུ་སྒྲིགས་ཞུགས་མཛད་དེ་ལོ་ཤས་སོང་མཚམས་དབུས་སུ་བྱོན་ནས་སེར་བྱེས་གྲྭ་ཚང་གཙང་པ་ཁང་ཚན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོ་ལྔའི་སློབ་གཉེར་མིག་དཔེར་འོས་པ་མཛད། དགེ་བཤེས་ལྷ་རམས་པའི་མཚན་བཏགས་དམ་བཅའ་འགྲན་ཟླ་བྲལ་བ་གནང༌། རྒྱུད་སྨད་གྲྭ་ཚང་དུ་སྒྲིཀས་ཞུགས་གནང་ནས་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག(༡༩༤༠)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བདུན་བསྐྱངས། ཁྲི་ཆེན་འདི་ཉིད་གཞུང་ཆེན་པོའི་སློབ་ཁྲིད་གནང་ཐབས་ལ་ཤིན་ཏུ་མཁས་ཤིང་བྱང་ཆུབ་པར་བརྟེན་དགེ་བཤེས་མཚན་བཏགས་མ་གནང་གོང་ནས་སློབ་མ་མང་པོར་སློབ་ཁྲིད་གནང་འགོ་ཚུགས་ཏེ་སྐུ་མ་གཤེགས་བར་གདན་ས་གསུམ་གྱི་སློབ་གཉེར་བ་བརྒྱ་ཕྲག་བརྒལ་བར་དཔྱིད་དང་༌དབྱར་དུས་ཀྱི་ཆོས་མཚམས་སྐབས་བསྟུན་གྱིས་སྐུ་ངལ་ལ་༌མ་འཛེམས་པར་ཞོགས་པ་སྔ་དྲོའི་ཞལ་འདོན་གྲུབ་པ་ནས༌ཉི་མ་རྒས་མཚམས་བར་སློབ་ཁྲིད་གནང་གི་ཡོད་པ་མ་ཟད། །སྐུ་ཚེའི་སྨད་དུ་ཞབས་ཀྱི་བསྙུན་གཞི་བཞེས་པའི་སྐབས་སུ༌ཡང་སློབ་མ་ཚོར་བཀའ་ཕེབས་ལ། ད་ལྟ་ང་རང་རྐང་པ་ན་བ་མ་གཏོགས་སློབ་ཁྲིད་བྱེད་མ་ཐུབ་པ་མེད་སྟབས་ང་རང་གསོན་པོར་སྡོད་རིང་ཁྱེད་ཚོས་ངའི་སར་སློབ་ཁྲིད་ཧུར་ཐག་ཞུས་ཐུབ་ན་ལེགས། ནམ་ཞིག་ང་རང་ཤི་རྗེས་མ་འགྱོད་པ་ཡོང་གི་རེད་ཅེས་གསུངས་ནས་སྐུ་མ་གཤེགས་གོང་གི་ཞག་གསུམ་བཞི་བར་དུ་མཚམས་འཇོག་མ་མཛད་པར་སློབ་ཁྲིད་རྒྱུན་འཁྱོངས་གནང་ཞིང༌། ཁོ་བོས་ཀྱང་ཁྲི་ཆེན་འདི་ཉིད་ཀྱི་དྲུང་ནས<<ལམ་རིམ་ཆེན་མོ>>དང<<རིམ་ལྔ་གསལ་སྒྲོན>>གཉིས་ཀྱི་སློབ་ཁྲིད་གནང་བ་ལོ་ངོ་དྲུག་གི་རིང་ཉན་རྒྱུའི་སྐལ་བཟང་ཐོབ། རབ་བྱུང་བཅུ་དྲུག་པའི་ས་གླང(༡༩༤༩)ལོར་བསྟན་རྒྱས་གླིང་དུ<<སྤྱོད་འཇུག་ཆེན་མོ>>བཀའ་ཁྲིད་གནང་མུས་མཇུག་མ་རྫོགས་གོང་ཙམ་དུ་སྐུ་གཤེགས། སྐུ་གཤེགས་ཁའི་ཞལ་ཆེམས་སུ། ང་ལ་ཡང་སྲིད་ཕེབས་རྐྱུ་མེད་པས་ཁྱེད་ཚོས་དེ་འདྲ་མ་བྱེད་པར། སྐུ་ཆས་གང་ཡོད་གཙང་དག་མཆོད་འབུལ་དུ་གཏོང་དགོས་ཞེས་བཀའ་ཕེབས་པ་ལྟར་ཞབས་འདེགས་པ་རྣམས་ཀྱིས་ཀྱང་བཀའ་བཞིན་བསྒྲུབས། ཁྲི་ཆེན་དམ་པ་འདིའི་རྣམ་ཐར་ཟུར་འཁོད་མེད་ཀྱང་ཁོ་བོས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་རྣམས་བརྗེད་པར་ཕངས་ནས་མདོར་བསྡུས་ཙམ་བཀོད་པ་ལགས་སོ། །
Further Details- Language:
- Tibetan
- Phoneme: