- ID:
- T228169
-
རྒྱལ་པོ་སྲོང་བཙན་སྒམ་པོ
(Tibetan, Tibetan script, Original)
- > rgyal po srong btsan sgam po (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyalpo song tsen gampo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཡབ་གནམ་རི་སྲོང་བཙན་དང་། ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ༦༡༧པའི་མེ་ལྒང་ལོར་མལ་གྲོ་རྒྱ་མ་ནང་གི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས། དགུང་ལོ་བཅུ་གསུམ་ལོན་པའི་སྤྱི་ལོ་༦༢༩ལོར་ཡབ་གཤེགས་པ་རྒྱལ་སྲིད་ལ་འཁོད། སྔ་རྗེས་སུ་མེ་ཉག་རུ་ཡོང་བཟའ་དང་། ཞང་ཞུང་ལི་ཐིག་སྨན། མོང་བཟའ་ཁྲི་ལྕམ། བལ་བཟའ་ཁྲི་བཙུན་དང་། རྒྱ་བཟའ་ཀོང་ཇོ་བཅས་བཙུན་མོ་ལྔ་བསུས། སྤྱི་ལོ༦༣༣པའི་ཆུ་སྦྲུལ་ལོ་ཐུ་མི་སམ་བྷོ་ཊ་སོགས་བོད་ཕྲུག་གཞོན་ནུ་རིག་པ་ཅན་ཁག་གཅིག་རྒྱ་གར་དུ་སློབ་སྦྱོང་མངགས། སྤྱི་ལོ་༦༣༤པའི་ཤིང་རྟ་ལོར་རྒྱ་བོད་སྐྱེས་ཀྱི་འབྲེལ་བ་ཐོག་མར་བརྒྱུད་ནས་དམག་འཁྲུག་ལངས། སྤྱི་ལོ་༦༤༡པའི་ལྕགས་གླང་ལོར་རྒྱ་བཟའ་བོད་དུ་བསུས། སྤྱི་ལོ་༦༤༤པའི་ཤིང་འབྲུག་ལོ་ཞང་ཞུང་རྒྱལ་པོ་ལི་མིག་རྐྱལ་བརླག་ཅིང་ཞང་ཞུང་དབང་དུ་བསྡུས། དེ་ནས་བཟུང་བོད་ཆེན་པོའི་རྒྱལ་ཁབ་ཅེས་པ་དེ་བྱུང་། དགུང་ལོ་སོ་བཞི་པར་སྤྱི་ལོ་༦༥༠པའི་ལྕགས་ཁྱི་ལོར་སྐུ་གཤེགས།
Further Details- Language:
- Tibetan
- Phoneme: