- ID:
- T228205
-
རྒྱལ་བ་བསྟན་འཛིན་རྒྱ་མཚོ
(Tibetan, Tibetan script, Original)
- > rgyal ba bstan 'dzin rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyalwa tendzin gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ) རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག (༡༩༣༤) ལོའི་ཟླ༥ཚེས་༥ཉིན་མདོ་སྨད་སྐུ་འབུམ་ཉེ་འདབས་སྟག་འཚེར་ཞེས་པའི་སར་ཡབ་ཆོ་ཆོ་ཚེ་རིང་དང་ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། (སྐུ་མཆེད་བདུན་ལས་སྐུའི་གཅེན་པོ་ཐུབ་བསྟན་འགྱུར་མེད་ནོར་བུ་དང་། རྒྱ་ལོ་དོན་གྲུབ། བློ་བཟང་བསམ་གཏན། སྐུའི་གཅུང་པོ་མངའ་རིས་སྤྲུལ་སྐུ་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་དང་གཅུང་མོ་ཡེ་ཤེས་པདྨ་བཅས་ཡོད) དེ་ཡང་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་དགོངས་པ་རྫོགས་རྗེས་བོད་གཞུང་གིས་སྔར་ལུགས་བཞིན་ཡང་སྲིད་རྩད་ཆོད་སྐོར་བཀོད་འདོམས་ཐོག རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་སྐུ་དངོས་ལྷ་མོའི་བླ་མཚོར་ཆེད་དུ་མཚོ་མཇལ་ཐེངས་གསུམ་གནང་བའི་གཟིགས་སྣང་བྱུང་རིགས་གཞིར་བྱས། བོད་ཡུལ་སོ་སོར་མི་སྣ་ཁག་བཞིར་བགོས་ཏེ་ཡང་སྲིད་རྩད་ཆོད་སྐོར་གང་སར་འོས་སྤྲུལ་དོགས་འཆར་ཚང་མ་བསྲེག་བཅད་བརྡར་གསུམ་བཞིན་བརྟག་དཔྱད་བྱས་མཐར། ཀེའུ་ཚང་སྤྲུལ་སྐུ་ངོ་ལས་ནས་མདོ་སྨད་ཙོང་ཁའི་ཡུལ་གྲུ་སྐུ་འབུམ་བྱམས་པ་གླིང་གི་ཤར་སྨད་སྟག་འཚེར་ཞེས་པར་ཁྱེའུ་ངོ་མཚར་གཞན་དང་མི་འདྲ་བ་ཞིག་འཁྲུངས་ཚུལ་སྐད་གྲགས་ཆེ་བ་དང་། ཡུལ་གྱི་ཁོར་ཡུག་སོགས་ཀྱང་མཚོ་གཟིགས་ཇི་བཞིན་བྱུང་བར་བརྟེན་རྒྱལ་བའི་འོས་སྤྲུལ་དུ་ལྷ་སར་གདན་འདྲེན་ཞུས་སྐབས། གོ་མིན་ཏང་ས་གནས་དཔོན་རིགས་མཱ་པུ་ཧྥང་ (马步芳) གིས་བླུ་ཡོན་དངུལ་སྒོར་འབུམ་ཕྲག་བཞི་ཙམ་དགོས་ལུགས་ཟེར་བ་སོགས་འགོག་རྐྱེན་མང་པོ་འཕྲད་རུང་མཐར་དངུལ་སྒོར་ཆིག་འབུམ་སྤྲད་དེ་འོས་སྤྲུལ་དང་ཡབ་ཡུམ་འཁོར་བཅས་ལྷ་སར་གདན་འདྲེན་ཞུས། རབ་བྱུང་བཅུ་དྲུག་པའི་ས་ཡོས (༡༩༣༩) ལོར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་གཙོས་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ནས་མགྲིན་གཅིག་གིས་ཡང་སྲིད་ངོས་འཛིན་ཞུས་ཏེ་ཆིབས་བསུ་རིང་ཐུང་གིས་གཟབ་རྒྱས་ངང་ལྷ་ལྡན་ནོར་གླིང་ཕོ་བྲང་དུ་གདན་དྲངས་ཤིང་། ཕྱི་ལོའི་ཚེས་མགོར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་མཚན་ཞབས་སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་གཉིས་ཀྱིས་ཡོངས་འཛིན་བགྲེས་གཞོན་གྱི་ཐུགས་འགན་བཞེས་ཐོག རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཡང་སྲིད་མཆོག་གི་དབུ་སྐྱེས་གཙུག་ཕུད་བཞེས་པར་མཛད། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག (༡༩༤༠) ལོར་མཛད་སྒོ་སོགས་སྔར་ལུགས་ལྟར་གཟབ་རྒྱས་ངང་ཕོ་བྲང་ཆེན་པོ་གྲུ་འཛིན་གཉིས་པའི་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ལེགས་པར་ཞུས།
Further Details- Language:
- Tibetan
- Phoneme: