rgyal ba blo bzang rgya mtsho
- ID:
- T228210
-
རྒྱལ་བ་བློ་བཟང་རྒྱ་མཚོ
(Tibetan, Tibetan script, Original)
- > rgyal ba blo bzang rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyalwa lo zang gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
(ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ) འདི་ཉིད་ནི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཆོས་སྲིད་གཉིས་ཀའི་ཐོག་མཛད་རྗེས་དང་མཚན་སྙན་ཤིན་ཏུ་ཆེ་བའི་གྲས་ཤིག་ཡིན། ཁོང་ནི་ལྷོ་ཁ་འཕྱོངས་རྒྱས་འཕྱིང་དབར་སྟག་རྩེར་ཡབ་བདུད་འདུལ་རབ་བརྟན་དང་ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་པའི་མེ་སྦྲུལ (༡༦༡༧) ལོར་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི (༡༦༨༧) ལོར་སྐུ་བཤེགས། དགུང་ལོ་རེ་དྲུག་བཞུགས། དགུང་ལོ་ཉེར་དགུ་པ་ཤིང་བྱ (༡༦༤༥) ལོར་པོ་ཏ་ལའི་ཕོ་བྲང་རྙིང་པའི་ཤུལ་སྔོན་ཡོད་གྱི་ཤར་ངོས་སུ་རྒྱ་བསྐྱེད་ཐོག་ཕོ་བྲང་དཀར་པོ་གསར་བཞེངས་མཛད། དགའ་ལྡན་ཕོ་བྲང་སྲིད་གཞུང་གི་ཉེན་ཁའི་གནས་ཚུལ་བཅས་རྒྱུ་མཚན་དང་དགོས་པ་མང་པོ་གསུངས་པའི་མཇུག་བསྡོམས་སུ་སྐུ་གཤེགས་ནས་ལོ་ཁ་ཤས་རིང་གསང་བ་ཤིན་ཏུ་དམ་པོ་བྱེད་དགོས་པ་བཅས་ཀྱི་བཀའ་སློབ་ནན་ཏན་བསྩལ་ཏེ་དགོངས་པ་མྱ་དན་ལས་འདས་པ་ཡིན་ནོ། །
Further Details- Language:
- Tibetan
Subjects
Other Dictionaries
- Phoneme: