Skip to main content Skip to search
rgyal rtse dpal 'khor chos sde
ID:
T228240
  • རྒྱལ་རྩེ་དཔལ་འཁོར་ཆོས་སྡེ (Tibetan, Tibetan script, Original)
    • >  rgyal rtse dpal 'khor chos sde (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  gyantsé pal khor chödé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོད་ལྗོངས་རྒྱལ་རྩེ་རྫོང་ཁོངས་མྱང་སྟོད་རྒྱལ་མཁར་རྩེ་ན་ཆགས་ཡོད། དགོན་པ་དེ་ནི་ཐོག་མར་ཡབ་ནང་ཆེན་ཀུན་འཕགས་ཀྱིས་སྤྱི་ལོ (༡༣༩༠) ལོར་རྒྱུ་སྦྱོར་མཛད་དེ་བཞེངས་པའི་གཙུག་ལག་ཁང་བསམ་འཕེལ་རིན་ཆེན་གླིང་རྨང་གཞི་བྱས་པའི་སྟེང་རྗེ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་གཉིས་མཆོད་ཡོན་དུ་འབྲེལ་ནས་སྤྱི་ལོ་ (༡༤༡༩) ལོར་རྒྱས་བསྐྲུན་གནང་བའི་གྲུབ་མཐའ་རིས་མེད་ཀྱི་ཆོས་གྲྭ་ཞིག་ཡིན། དགོན་དེའི་རྟེན་གྱི་གཙོ་བོར་གྱུར་པའི་དཔལ་འཁོར་མཆོད་རྟེན་ནི་གངས་ལྗོངས་ཙམ་མ་ཟད། རྒྱལ་ཁབ་ཕྱི་ནང་དུའང་སྙན་གྲགས་ཆེ་བའི་ཐུགས་རྟེན་ཞིག་ཡིན། མཆོད་རྟེན་དེའི་མཐོ་ཚད་ལ་རྨིད་སུམ་ཅུ་སོ་གཉིས་ལ་ཐོགས་བརྩེགས་རིམ་པ་དགུ་དང་སྒོ་མོ་བརྒྱ་དང་བརྒྱད་ཡོད། ཁྱོན་བསྡོམས་ལྷ་ཁང་བདུན་ཅུ་དོན་བདུན་གྱི་ནང་དུ་གསེར་ཟངས་དང་འཇིམ་ཀྱི་ལྷ་སྐུ་བརྙན་གྲངས་ལས་འདས་ཤིང་། གསང་སྔགས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་དང་ལྷ་ཚོགས་ཀྱི་ལྡེབས་རིས་ངོ་མཚར་དཔལ་གྱིས་ཕྱུག་པའོ། །

Phoneme: