- ID:
- T236686
-
ཕུར་ལྕོག་ངག་དབང་བྱམས་པ
(Tibetan, Tibetan script, Original)
- > phur lcog ngag dbang byams pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > pur chok ngawang jampa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མདོ་སྟོད་ཟལ་མོ་སྒང་གི་ཆར་གཏོགས་པའི་ཐམ་ཁ་གྲོང་སྣོ་རོམ་ཞེས་པར་ཡབ་ཨ་ནུ་འཕགས་དང་ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི (༡༦༨༢) ལོར་སྐུ་འཁྲུངས། སྐུ་བལྟམས་རྗེས་བཀའ་བརྒྱུད་བླ་མ་གྲགས་པ་ཕུན་ཚོགས་ལ་མཚན་ཞུས་པར་བདེ་མཆོག་བསྲུང་ཞེས་བསྩལ། དགུང་ལོ་བདུན་ལ་ཕེབས་སྐབས་ཁུ་བོ་དབང་ཕྱུག་ཆོས་སྐྱོང་སར་ཡི་གེ་ཀློག་པའི་སྦྱོར་བ་ལ་ཞུགས། དགུང་ལོ་བཅུ་གཉིས་ཐོག་ཆབ་མདོ་སྐུ་གྲྭ་ཚང་དུ་ཆོས་ཞུགས་མཛད། དགུང་ལོ་བཅུ་གསུམ་ཐོག་ཆབ་མདོ་བྱམས་པ་གླིང་གི་གནས་སུ་ཕེབས་ཏེ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་སྟེ་མཚན་ངག་དབང་བྱམས་པ་ཞེས་གསོལ། དགུང་ལོ་བཅུ་བཞིའི་ཐོག་འཕགས་པ་ལྷའི་དྲུང་ནས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་བཞི་ཡོངས་རྫོགས་བཞེས་པས་རྡོ་རྗེའི་རིགས་སུ་གྱུར་ཏེ་གསང་མཚན་སེར་སྣ་རྡོ་རྗེ་ཞེས་གསོལ། དགུང་ལོ་བཅོ་ལྔ་པར་དབུས་ཕྱོགས་སུ་སློབ་གཉེར་ལ་ཕེབས་ནས། བཀའ་རྩོམ་ལ་མཚོན་ན། རྟེན་འབྲེལ་བསྟོད་པའི་ཊིཀྐ་འོད་དཀར་ཕྲེང་བ》 གསུང་མགུར་བསླབ་བྱའི་རིམ་པ》། བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་ཚུལ་གྱི་གདམས་པ་ཐོར་བུ་ཟིན་བྲིས་སུ་བཀོད་པ》 གསང་འདུས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་སྙིང་པོ》 འཇམ་ལུགས་ཚེ་དབང་རིགས་ལྔའི་ཟུར་འདེབས་འཆི་མེད་སྲོག་གི་དཔལ་སྦྱིན》 རིགས་གསུམ་སྤྱི་སྒྲུབ་ཀྱི་བླ་མའི་རྣལ་འབྱོར》 སྐུ་གསུང་ཐུགས་རྟེན་བཞེངས་པའི་དཀར་ཆག་གི་རིམ་དང་སྨོན་ཚིག་གི་རིམ་པ》སོགས་པོད་གསུམ་ཙམ་བཞུགས། དགུང་ལོ་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་སྤྱི་ལོ(༡༧༦༢)ལོར་སྐུ་གཤེགས།
Further Details- Language:
- Tibetan
2. dung dkar bod rig pa'i tshig mdzod chen mo
མདོ་སྟོད་ཟལ་མོ་སྒང་གི་ཆར་གཏོགས་པའི་ཐམ་ཁ་གྲོང་སྣོ་རོམ་ཞེས་པར་ཡབ་ཨ་ནུ་འཕགས་དང་ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི༡༦༨༢ལོར་སྐུ་འཁྲུངས། སྐུ་བལྟམས་རྗེས་བཀའ་བརྒྱུད་བླ་མ་གྲགས་པ་ཕུན་ཚོགས་ལ་མཚན་ཞུས་པར་བདེ་མཆོག་བསྲུང་ཞེས་བསྩལ། དགུང་ལོ་བདུན་ལ་ཕེབས་སྐབས་ཁུ་བོ་དབང་ཕྱུག་ཆོས་སྐྱོང་སར་ཡི་གེ་ཀློག་པའི་སྦྱོར་བ་ལ་ཞུགས། དགུང་ལོ་བཅུ་གཉིས་ཐོག་ཆབ་མདོ་སྐུ་ཞབས་གྲྭ་ཚང་དུ་ཆོས་ཞུགས་མཛད། དགུང་ལོ་བཅུ་གསུམ་ཐོག་ཆབ་མདོ་བྱམས་པ་གླིང་གི་གནས་སུ་ཕེབས་ཏེ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་སྟེ་མཚན་ངག་དབང་བྱམས་པ་ཞེས་གསོལ། དགུང་ལོ་བཅུ་བཞིའི་ཐོག་འཕགས་པ་ལྷའི་དྲུང་ནས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་བཞི་ཡོངས་རྫོགས་བཞེས་པས་རྡོ་རྗེའི་རིགས་སུ་གྱུར་ཏེ་གསང་མཚན་སེར་རྣ་རྡོ་རྗེ་ཞེས་གསོལ། དགུང་ལོ་བཅོ་ལྔ་པར་དབུས་ཕྱོགས་སུ་སློབ་གཉེར་ལ་ཕེབས་ནས། ཐོག་མར་དགའ་ལྡན་དགོན་དུ་ཆོས་ཞུགས་གནང་རྒྱུ་མཛད་ཀྱང་སེར་བྱེས་གྲྭ་ཚང་དུ་གནས་གཟིགས་མཛད་སྐབས་ཞལ་རས་ལ་རླུང་བསིལ་ཕོགས་པ་དང་དུས་མཉམ་པར་བདེ་མཆོག་གི་ལྡེབས་བྲིས་གཟིགས་པའི་རྐྱེན་བྱས་སེར་བྱེས་གྲྭ་ཚང་རང་དུ་ཆོས་ཞུགས་མཛད། མཁས་ཆེན་ངག་དབང་རྒྱ་མཚོ་དང་བྱ་བྲལ་དགེ་བཤེས་བློ་བཟང་ཆོས་འཕེལ་སོགས་བསྟེན་ནས་གཞུང་ཆེན་པོར་གསན་སྦྱོང་གནང་། དགུང་ལོ་བཅུ་བདུན་ལ་རིགས་ཆུང་ཚོགས་ལངས་མཛད། དེའི་སྐབས་སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་དང་མཇལ། དགུང་ལོ་ཉེར་གཅིག་ལ་གླིང་བསྲེའི་གྲྭ་སྐོར་མཛད། དགུང་ལོ་ཉེར་གསུམ་པར་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་དུ་བསྙེན་པར་རྫོགས། དབུས་སུ་ཕེབས་ཏེ་ཐོས་བསམ་ལ་བརྩོན་པར་མཛད་ནས་ལྷ་ས་སྨོན་ལམ་ཆེན་མོར་གྲྭ་སྐོར་གནང་། དགུང་ལོ་ཉེར་ལྔ་པ་ལ་སྒྲུབ་ཁང་དགེ་ལེགས་རྒྱ་མཚོའི་དྲུང་དུ་ཆོས་བཀའ་མང་དུ་གསན་ནས་དབེན་གནས་སུ་སྒྲུབ་པར་གཞོལ། དགུང་ལོ་སོ་དགུ་ལ་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོར་ཞུགས། དགུང་ལོ་ཞེ་དགུར་ཕེབས་སྐབས་འཕགས་པ་ལྷ་ཡི་ཡོངས་འཛིན་གནང་སྟེ་ཆབ་མདོར་ཕེབས། དགུང་ལོ་ང་ལྔ་ལོར་གཙང་དུ་པཎ་ཆེན་བློ་བཟང་ཡེ་ཤེས་ལ་བརྟན་བཞུགས་འབུལ་བར་ཕེབས། ཚོགས་ཡོངས་ལ་ལམ་རིམ་གྱི་གསུང་ཆོས་བསྩལ། དགུང་ལོ་ང་བརྒྱད་ལོར་རྗེ་འདི་ཉིད་མི་དབང་བསོད་ནམས་སྟོབས་རྒྱས་ཀྱི་བཀའ་མངགས་ལྟར་ལྷ་ས་གཙུག་ལག་ཁང་གི་དཀྱིལ་འཁོར་མཐིལ་དུ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཆེན་པོར་གསར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོར་ཕེབས། དེའི་ལོར་མི་དབང་གིས་བསམ་ཡས་ཉམས་གསོ་ལེགས་གྲུབ་ཟིན་པའི་རབ་གནས་ལ་ཕེབས་པ་དང་སྦྲགས་ལྷོ་གནས་སུ་བྱོན་ཏེ་འཕྱོངས་རྒྱས་སུ་གོང་ས་ལྔ་པ་ཆེན་པོའི་བླ་མཚོར་ཡང་མཚོ་རྫས་དང་ཀླུ་སྨན་སོགས་འབུལ་བ་གནང་། དགུང་ལོ་རེ་ལྔ་ལ་ཕེབས་སྐབས་མི་དབང་བསོད་ནམས་སྟོབས་རྒྱས་དུས་ཆོས་སུ་གྱུར་པའི་མཆོད་འབུལ་དང་། ལྷ་སའི་དུར་ཁྲོད་རགས་ཁར་སྲེག་ཁང་བརྩིགས་ཏེ་སྲེག་སྦྱང་གི་གནང་སྒོར་ཞུགས། དེ་ནས་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་མཛད། རྒྱུན་དུ་ཐར་འདོད་སྐྱེས་བུ་མང་པོར་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་། བཀའ་རྩོམ་ལ་མཚོན་ན། 《རྟེན་འབྲེལ་བསྟོད་པའི་ཊིཀྐ་འོད་དཀར་ཕྲེང་བ》《གསུང་མགུར་བསླབ་བྱའི་རིམ་པ》《བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་ཚུལ་གྱི་གདམས་པ་ཐོར་བུ་ཟིན་བྲིས་སུ་བཀོད་པ》《གསང་འདུས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་སྙིང་པོ》《འཇམ་ལུགས་ཚེ་དབང་རིགས་ལྔའི་ཟུར་འདེབས་འཆི་མེད་སྲོག་གི་དཔལ་སྦྱིན》《རིགས་གསུང་སྤྱི་སྒྲུབ་ཀྱི་བླ་མའི་རྣལ་འབྱོར》《སྐུ་གསུམ་ཐུགས་རྟེན་བཞེངས་པའི་དཀར་ཆག་གི་རིམ་པ་དང་སྨོན་ཚིག་གི་རིམ་པ》སོགས་པོད་གསུམ་ཙམ་བཞུགས། དགུང་ལོ་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ༡༧༦༢ལོར་སྐུ་བཤེགས།
Further Details- Language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1682 [1057]ལོར་མདོ་ཁམས་ཆབ་མདོར་ཡབ་ཨ་ནུ་འཕགས་པ་དང་། ཡུམ་བཀྲ་ཤིས་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ 1762 ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་བདེ་མཆོག་སྲུང་ཞེས་ཞུ། དགུང་ལོ་བདུན་པར་ཡི་གེའི་འབྲི་ཀློག་དང་འདོན་ཆོས་རྣམས་ལ་སྦྱངས་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གསུམ་པར་རྒྱལ་བ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཤིང་མཚན་ལ་ངག་དབང་བྱམས་པ་ཞེས་གསོལ། དགུང་ལོ་བཅོ་ལྔ་པར་དབུས་སུ་ཏེ་སེ་ར་བྱེས་པ་གྲྭ་ཚང་དུ་ཞུགས་ཤིང་བླ་མ་ངག་དབང་རྒྱ་མཚོ་ལ་བསྟེན་ནས་བསྡུས་གཞུང་དང་། ཕར་ཕྱིན། དབུ་མ། འདུལ་བ། མངོན་མཛོད་བཅས་ལ་སྦྱངས་ནས་དཀའ་བཞི་པའི་མཚན་བཏགས་བཞེས། དགུང་ལོ་ཉེར་གསུམ་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་གསན། དེ་ནས་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོའི་ཞབས་ལ་གཏུགས་ཏེ་བྱང་ཆུབ་ལམ་རིམ་དང་། བློ་སྦྱོང་དོན་བདུན་མ། དགའ་ལྡན་ཕྱག་ཆེན་བཅས་ཞུས་ཤིང་ཕུར་བུ་ལྕོག་ཏུ་སྒྲུབ་པ་ཉམས་ལེན་མཛད་ཅིང་རྟོགས་པ་མངོན་དུ་གྱུར། ཕུར་ལྕོག་སྒྲུབ་སྡེའི་ཚོགས་པ་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། དེ་ནས་ཆབ་མདོ་བྱམས་པ་གླིང་དང་། བཀྲ་ཤིས་ལྷུན་པོ། སྣར་ཐང་། ལྷ་ལྡན་རྒྱུད་ཁང་། སྙེ་ཐང་སོགས་སུ་ཕེབས་ཏེ་མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མི་ཆེན་བླ་དཔོན་རྣམས་ཀྱི་བླ་མར་མཛད། སྐུ་ཚེའི་མཇུག་ཏུ་ཕུར་ལྕོག་[1058]སྒྲུབ་སྡེར་གསེར་དངུལ་ལས་གྲུབ་པའི་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། དགུང་ལོ་བརྒྱད་ཅུ་གྱ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་ང་གསུམ་པ་ཡིན། ཁོང་གི་གསུང་རྩོམ་ནི《སྟག་ཚང་ལོ་ཙཱ་བའི་བརྒལ་ལན》དང་། 《དྲིས་ལན་སོམ་ཉི་གཅོད་པའི་རལ་གྲི》། 《གསུང་མགུར་བསླབ་བྱའི་རིམ་པ》། 《སྐྱེས་བུ་ཆེན་པོའི་བློ་སྦྱོང་》། 《འཁོར་ལོ་སྡོམ་པའི་བསྙེན་ཡིག》། 《སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག》། 《རྟེན་གསུམ་གསར་བཞེངས་ཀྱི་དཀར་ཆགས》། 《ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་དོགས་གཅོད》། 《གཏོར་འབུལ་གྱི་རིམ་པ》། 《བཅའ་ཡིག་གི་རིམ་པ》། 《གྲྭ་ས་ཆེན་པོ་བཞི་དང་རྒྱུད་སྟོད་སྨད་ཀྱི་ཆགས་ཚུལ》བཅས་ཆོས་ཚན་ལྔ་བཅུ་ང་གཉིས་བཞུགས་སོ། །
Further Details- Language:
- Tibetan
- Phoneme: