Skip to main content Skip to search
bod kyi gna' srol lus rtsal
ID:
T237730
  • བོད་ཀྱི་གནའ་སྲོལ་ལུས་རྩལ (Tibetan, Tibetan script, Original)
    • >  bod kyi gna' srol lus rtsal (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  bö kyi na sol lü tsal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོད་ལྗོངས་ས་ཁུལ་དུ་གནའ་དུས་ནས་བོད་རིགས་མེས་པོ་རྣམས་ཀྱིས་བཏོད་པའི་རང་མི་རིགས་ཀྱི་ལུས་རྩལ་གྱི་རྣམ་གྲངས་ཧ་ཅང་མང་ལ་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེ་དག་ལ་ས་གནས་དང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་དཔེར་ན། རྟ་རྒྱུག་མདའ་འཕེན་དང་། གཡག་རྒྱུག མཆོང་རྒྱག ཐག་མཆོངས། ཆུ་རྐྱལ། རྡོ་འགྱོགས། རྡོ་སྒོར། འུར་རྡོ་སོགས་ཡོད་པ (དེའི་སྐོར་ཞིབ་ཕྲ་ཀ་ཕྲེང་གཞིར་བཟུང་བཀོད་ཡོད) མ་ཟད། ལྷག་པར་གནའ་དུས་བཙན་པོའི་དུས་སུ་རྟ་རྩེད་པོ་ལོ་ཡང་ཡོད་པར་གྲགས། བོད་ཀྱི་ལུས་རྩལ་རྣམ་གྲངས་མང་ཆེ་བ་སྐྱེས་པས་རྩེ་བ་དང་། བོད་རིགས་ཀྱི་ཕོ་རྩེད་དགུ་ཟེར་བའི་གྲས་སུ་མདའ་རྡོ་མཆོང་གསུམ་དང་བང་རྐྱལ་བེ་གསུམ་དང་དེ་མིན་ཕོ་རྩལ་དགུ་ཟེར་བའི་གྲས་ལ་མཐེབ་ཀྱིས་ཤ་ནོན་པ་དང་། རྐྱལ་གྱིས་ཆུ་ཆེན་ཆོད་པ། ཡང་རྩལ་བྱ་ལྟར་ལྡིང་བ་སོགས་བརྗོད་པ་ལྟར་ལུས་རྩལ་གྱི་རྣམ་གྲངས་སྣ་ཚོགས་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་ཡོད།

2. dung dkar bod rig pa'i tshig mdzod chen mo

བོད་ལྗོངས་ས་ཁུལ་དུ་གནའ་དུས་ནས་བོད་རིགས་མེས་པོ་རྣམས་ཀྱིས་གཏོད་པའི་རང་མི་རིགས་ཀྱི་ལུས་རྩལ་གྱི་རྣམས་གྲངས་ཧ་ཅང་མང་ལ་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེ་དག་ལ་ས་གནས་དང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་དཔེར་ན། རྟ་རྒྱུག་མདའ་འཕེན་དང་། གཡག་རྒྱུག མཆོང་རྒྱག ཐག་མཆོངས། ཆུ་རྐྱལ། རྡོ་འགྱོགས། རྡོ་སྒོར། འུར་རྡོ་སོགས་ཡོད་པ(དེའི་སྐོར་ཞིབ་ཕྲ་ཀ་ཕྲེང་གཞིར་བཟུང་བཀོད་ཡོད)མ་ཟད། ལྷག་པར་གནའ་དུས་བཙན་པོའི་དུས་སུ་རྟ་རྩེད་པོ་ལོ་ཡང་ཡོད་པར་གྲགས། བོད་ཀྱི་ལུས་རྩལ་རྣམ་གྲངས་མང་ཆེ་བ་སྐྱེས་པས་རྩེ་བ་དང་། བོད་རིགས་ཀྱི་ཕོ་རྩེད་དགུ་ཟེར་བའི་གྲས་སུ་མདའ་རྡོ་མཆོང་གསུམ་དང་བང་རྐྱལ་བེ་གསུམ་དང་དེ་མིན་ཕོ་རྩལ་དགུ་ཟེར་བའི་གྲས་ལ་མཐེབ་ཀྱིས་ཤ་ནོན་པ་དང་། རྐྱལ་གྱིས་ཆུ་ཆེན་ཆོད་པ། ཡང་རྩལ་བྱ་ལྟར་ལྡིང་བ་སོགས་བརྗོད་པ་ལྟར་ལུས་རྩལ་གྱི་རྣམས་གྲངས་སྣ་ཆོགས་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་ཡོད།

Phoneme: