bya khyung dgon pa
- ID:
- T237813
-
བྱ་ཁྱུང་དགོན་པ
(Tibetan, Tibetan script, Original)
- > bya khyung dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > jakhyung gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མཚོ་སྔོན་ཞིང་ཆེན་བ་ཡན་རྫོང་ཁོངས་རྨ་ལུང་དལ་གྱིས་འབབ་པའི་ཉེ་འགྲམ་བྲག་བྱ་ཁྱུང་ཞེས་པའི་སར་ཆགས་ཡོད། དེ་ནི་རྗེ་ཙོང་ཁ་པ་ཆེན་པོའི་དབུ་བླ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་སྤྱི་ལོ (༡༣༤༩) ལོར་ཕྱག་བཏབ། དགོན་འདིར་དུས་འཁོར་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། སྨད་པ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་བཅས་གྲྭ་ཚང་བཞི་དང་། གསེར་གདུང་ཆེན་མོའི་ལྷ་ཁང་གིས་གཙོས་པའི་ལྷ་ཁང་བཅུ་ཙམ་དང་། རྟེན་གཙོ་བོ་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་གདུང་དང་ཨ་གྲོ་ཆོས་རྗེའི་སྐུ་གདུང་། རྗེ་ཙོང་ཁ་པའི་སྣང་བརྙན་བཀྲ་ཤིས་དོ་ཁ་མ། བྱམས་པ་ཆུ་གཟིགས་མ་སོགས་རྟེན་གཙོ་ཤིན་ཏུ་མང་། དགོན་འདིར་གྲྭ་བཙུན་ཆེས་མང་དུས་ཆིག་སྟོང་ལྔ་བརྒྱ་ཡོད་པར་གྲགས།
Further Details- Language:
- Tibetan
- Phoneme: