Skip to main content Skip to search
brag brkos ri mo
ID:
T238131
  • བྲག་བརྐོས་རི་མོ (Tibetan, Tibetan script, Original)
    • >  brag brkos ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  drak kö rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མིའི་རིགས་ཀྱི་གདོད་མའི་སྤྱི་ཚོགས་སྐབས་རི་མོའི་སྒྱུ་རྩལ་ཐོག་མར་དར་སྐབས་ཀྱི་མངོན་ཚུལ་ཞིག་ཡིན། རི་མོ་དེ་རིགས་བྲག་ཕུག་གམ་བྲག་རིའི་ངོས་སུ་སྐབས་དེའི་འཚོ་བ་མཚོན་པའི་རི་མོ་སྣ་ཚོགས་བརྐོས་ཡོད། འོན་ཀྱང་སྒྱུ་རྩལ་གྱི་ཆུ་ཚད་མཐོན་པོ་མེད། དེ་རྗེས་རིམ་བཞིན་བྲག་བརྐོས་རི་མོའི་སྒྱུ་རྩལ་ལ་འཕེལ་རྒྱས་ཟམ་མི་འཆད་པ་བྱུང་སྟེ། ཉེ་རབས་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་སྔོན་དུ་བརྐོས་པའི་རི་མོ་དེ་རིགས་ཧ་ཅང་ཆུ་ཚད་མཐོ་པོ་ཡོད་པའོ། །

Phoneme: