Skip to main content Skip to search
yab sras gsum
ID:
T243015
  • ཡབ་སྲས་གསུམ (Tibetan, Tibetan script, Original)
    • >  yab sras gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  yabsé sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྐབས་འདིར་ཡབ་ནི་ཤར་ཙོང་ཁང་ཆེན་པོ་བློ་བཟང་གྲགས་པའི་ཞབས་དང་། སྲས་ནི་རྗེ་བདག་ཉིད་ཆེན་པོའི་སློབ་མ་གྲངས་ལས་འདས་པ་ཞིག་མཆིས་པ་ལས་འདིར་གཙོ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་རྣམ་གཉིས་བཅས་གསུམ་ལ་རྗེ་ཡབ་སྲས་གསུམ་ཞུ་ཞིང་། དེ་ཡང་རྗེའི་སློབ་མ་ཤེར་འབྱུང་བློ་གྲོས་ཀྱིས། གངས་ཅན་ཞིང་འདིར་གཙུག་རྒྱན་ཙོང་ཁ་པ། དངོས་སྟོབས་རིག་པའི་དབང་ཕྱུག་རྒྱལ་ཚབ་རྗེ། མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ། རྒྱལ་བ་ཡབ་སྲས་གསུམ་ལ་གསོལ་བ་འདེབས། ཞེས་པ་ལས་ཡབ་སྲས་ཀྱི་མཚན་ཐོགས་པ་ཡིན་པར་གསུངས།

2. dung dkar bod rig pa'i tshig mdzod chen mo

སྐབས་འདིར་ཡབ་ནི་ཤར་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་ཞབས་དང། སྲས་ནི་རྗེ་བདག་ཉིད་ཆེན་པོའི་སློབ་མ་གྲངས་ལས་འདས་པ་ཞིག་མཆིས་པ་ལས་འདིར་གཙོ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་རྣམ་གཉིས་བཅས་གསུམ་ལ་རྗེ་ཡབ་སྲས་གསུམ་ཞུ་ཞིང། དེ་ཡང་རྗེའི་སློབ་མ་ཤེར་འབྱུང་བློ་གྲོས་ཀྱིས། གངས་ཅན་ཞིང་འདིར་གཙུག་རྒྱན་ཙོང་ཁ་པ། དངོས་སྟོབས་རིག་པའི་དབང་ཕྱུག་རྒྱལ་ཚབ་རྗེ། མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ། རྒྱལ་བ་ཡབ་སྲས་གསུམ་ལ་གསོལ་བ་འདེབས། ཞེས་པ་ལས་ཡབ་སྲས་ཀྱི་མཚན་ཐོགས་པ་ཡིན་པར་གསུངས།

Phoneme: