Skip to main content Skip to search
gu ru jo 'ber/
ID:
T26182
  • གུ་རུ་ཇོ་འབེར (Tibetan, Tibetan script, Original)
    • >  gu ru jo 'ber/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  guru jomber (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གསང་སྔགས་སྔ་འགྱུར་གྱི་བླ་བརྒྱུད་ནང་བཞུགས། ཉི་མ་འབུམ་གྱི་གཅུང་པོ་ཟླ་བ་འབུམ་གྱི་སྲས་ཡིན། འཁྲུངས་འདས་ཀྱི་ལོ་ཁམས་མི་གསལ། ཡོད་པ་ལ་དགུང་ལོ་བདུན་མན་ཆད་སྐུགས་པ་འདྲ་བར་ཡོད་པ་ལ་དགུང་ལོ་བརྒྱད་ནས་མཁྱེན་རབ་ཀྱི་རྩལ་རྒྱས་ཏེ་ཁུ་བོ་ཉི་འབུམ་དང་མཉམ་དུ་གསང་སྔགས་སྔ་འགྱུར་གྱི་གཞུང་ཁྲིད་མན་ངག་རྣམས་ལ་གསན་བསམ་ཉམས་བཞེས་མཛད། གཞན་ཡང་ས་སྐྱ་ལོ་ཙཱ་བ་དང་། ཁྲོ་ཕུ་ལོ་ཙཱ་བ། བལ་པོ་གྲགས་འབུམ་བཅས་བསྟེན་ནས་གསང་སྔགས་གསར་མའི་དབང་ལུང་ཁྲིད་ལ་སོགས་པ་མང་པོ་གསན། དགུང་ལོ་དྲུག་ཅུ་པ་ལ་སྐུ་གཤེགས།

2. dung dkar bod rig pa'i tshig mdzod chen mo

གསང་སྔགས་སྔ་འགྱུར་གྱི་བླ་བརྒྱུད་ནང་བཞུགས། ཉི་མ་འབུམ་གྱི་གཅུང་པོ་ཟླ་བ་འབུམ་གྱི་སྲས་ཡིན། འཁྲུངས་འདས་ཀྱི་ལོ་ཁམས་མི་གསལ། དགུང་ལོ་བདུན་མན་ཆད་ལྐུགས་པ་འདྲ་བར་ཡོད་པ་ལ་དགུང་ལོ་བརྒྱད་ནས་མཁྱེན་རབ་ཀྱི་རྩལ་རྒྱས་ཏེ་ཁུ་བོ་ཉི་འབུམ་དང་མཉམ་དུ་གསང་སྔགས་སྔ་འགྱུར་གྱི་གཞུང་ཁྲིད་མན་ངག་རྣམས་ལ་གསན་བསམ་ཉམས་བཞེས་མཛད། གཞན་ཡང་ས་སྐྱ་ལོ་ཙཱ་བ་དང༌། ཁྲོ་ཕུ་ལོ་ཙཱ་བ། བལ་པོ་གྲགས་འབུམ་བཅས་བསྟེན་ནས་གསང་སྔགས་གསར་མའི་དབང་ལུང་ཁྲིད་ལ་སོགས་པ་མང་པོ་གསན། དགུང་ལོ་དྲུག་ཅུ་པ་ལ་སྐུ་གཤེགས། ལོ་རྒྱུས་མདོར་བསྡུས་ཙམ<<གུ་བཀྲ་ཆོས་འབྱུང>>ལྕགས་དཔར་མའི་ཤོག་གྲངས༢༠༦་ནས༢༠༧བར་གསལ།

3. Rangjung Yeshe Dictionary

disciple of མཁས་པ་ཉི་འབུམ་ in the སྙིང་ཐིག་ lineage

Phoneme: