Skip to main content Skip to search
gru gu/
ID:
T29259
  • གྲུ་གུ (Tibetan, Tibetan script, Original)
    • >  gru gu/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  drugu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[401] 1༽ སྐུད་པའི་གོང་བུ། ... 2༽ སྔར་བོད་བྱང་རྒྱུད་དང། ཤིན་ཅང། མཚོ་སྔོན་བཅས་ཀྱི་ས་འབྲེལ་ཁུལ་དུ་ཆགས་པའི་རྒྱལ་ཕྲན་ཞིག་...

2. Thupten Phuntsok Dictionary

(1)སྐུད་པ་རྡོག་པའི་གོང་བུའི་མིང་། (2) རྩལ་སྦྱང་གི་ཡོ་བྱད་ཅིག་སྟེ། བོད་ཡིག་གི་གནའ་དཔེར࿎ཕོ'ལོང་ཟེར་ཞིང་། ཡུལ་སྐད་ལ་ལར࿎པོ་ལོ'དང་། ཨ་མདོའི་ཡུལ་སྐད་དུ࿎སྒང'ལི་ཟེར། (3) ཐགས་འཐག་བྱེད་ཀྱི་སྐུད་པ་རྡོག་པོར་དྲིལ་བའི་མིང་། མིང་བསྡུས་ན࿎གྲུག'ཅེས་འབྲི་ཆོག་སྟེ། གྲུག་རིལ་ཞེས་པ་ལྟ་བུ། (4) གནའ་དུས་ཀྱི་མི་རིགས་ཤིག་གམ་ཚོ་བ་ཞིག་གི་མིང་།

3. dag yig gsar bsgrigs

རྩལ་སྦྱང་གི་ཡོ་བྱད་ཅིག་སྟེ། བོད་ཡིག་གི་གནའ་དཔེར་ཕོ་ལོང་ཟེར་ཞིང་། ཡུལ་སྐད་ལ་ལར་པོ་ལོ་དང་ཨ་མདོའི་ཡུལ་སྐད་དུ་ལྒང་ལི་ཟེར།

༢ ཐགས་འཐག་བྱེད་ཀྱི་སྐུད་པ་རྡོག་པོར་དྲིལ་བའི་མིང་། མིང་བསྡུས་ན་གྲུག་ཅེས་འབྲི་ཆོག་སྟེ། གྲུག་རིལ་ཞེས་པ་ལྟ་བུ།

གནའ་དུས་ཀྱི་མི་རིགས་ཤིག་གམ་ཚོ་བ་ཞིག་གི་མིང་།

4. dung dkar bod rig pa'i tshig mdzod chen mo

དྲུ་གུ་ལ་གྲུ་གུ་ཞེས་ཀྱང་ཟེར། རྒྱ་སྐད་དུ་ཐུ་ཅོས་སམ། སྐབས་འགར་ཐུ་ཀྱུ་ཝེས་ཞེས་པའང་འབོད་པ་གང་ལྟར་ཀྲུང་གོའི་གནའ་རབས་ཀྱི་མི་རིགས་ཤིག་གི་མིང་ཡིན་ཅིང༌། འདི་ལ་ཁྱབ་ཆེ་བའི་དབང་དུ་བྱས་ན་ཐུ་གུ་དང་ཐེ་ལི་ཡི་ཚོ་པ་རྣམས་ཀྱང་དེའི་ཁོངས་སུ་འདུས་ལ། ཁྱབ་ཆུང་བའི་དབང་དུ་བྱས་ན་ཐུ་གུ་མི་རིགས་ལ་ཟེར། སྤྱི་ལོའི་དུས་རབས་དྲུག་པའི་ནང་རི་བོ་ཨར་ཐེ་ཧྲན་བརྒྱུད་དུ་ལ་རྩེར་ས་འཛིན་པའི་འབྲོག་པ་འིག་ཡིན་ཞིང༌། ཨོར་ཧོན་ཧེ་གཙང་པོའི་བཞུར་བརྒྱུད་དུ་ཆབ་སྲིད་བཙུགས་པར་སྣང་ཞིང༌། ཡི་གེ་དང༌། དཔོན་རིགས། བཅའ་ཁྲིམས། དཔྱ་ཁྲལ་གྱི་ཁྲིམས་ལུགས་སོགས་ཡོད། པེ་རྒྱལ་བརྒྱུད་དང་གཉེན་འབྲེལ་ཡོད་ཅིང༌། བོད་རིགས་ལའང་ཕོ་ཉའི་འགྲོ་འོང་ཡོད་པར་སྣང༌། སུས་རྒྱལ་རབས་ཀྱི་དུས་སུ་གྲུ་གུ་ཤར་ནུབ་གཉིས་སུ་གྱེས། ཡང་འགའ་ཞིག་གིས་ཐང་རྒྱལ་རབས་ཀྱི་དུས་འགོར། དྲུ་གུ་ཤར་མའི་དཔོན་པོ་ཞེ་ལིས་ཁེ་ཧན་ཟེར་བས་ཐང་རྒྱལ་རབས་ལ་མགོ་བཏགས་ཞེས་བཤད་པ་ལྟར་ན། དྲུ་གུ་འདི་དེང་སང་གི་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་པར་སྣང༌། ཡང<<རྒྱ་བོད་ཚིག་མཛོད་ཆེན་མོའི>>ནང་གྲུ་གུ། སྔར་བོད་བྱང་རྒྱུད་དང༌། ཤིན་ཅང༌། མཚོ་སྔོན་བཅས་ཀྱི་ས་འབྲེལ་ཁུལ་དུ་ཆགས་པའི་རྒྱལ་ཕྲན་ཞིག་ཡིན་ཚུལ་གསལ།

5. smon lam tshig mdzod chen mo

1.སྐུད་པ་བསྒྲིལ་བའི་གོང་བུ།

2.སྔར་བོད་བྱང་རྒྱུད་དང༌། ཤིན་ཅང་གི་ས་འབྲེལ་ཁུལ་དུ་ཆགས་པའི་རྒྱལ་ཕྲན་ཞིག གནའ་དུས་ཀྱི་མི་རིགས་ཤིག་གམ་ཚོ་བ་ཞིག་གི་མིང་།

1.རྩལ་སྦྱང་གི་ཡོ་བྱད་ཅིག་སྟེ། བོད་ཡིག་གི་གནའ་དཔེར་ཕོ་ལོང་ཟེར་ཞིང་། ཡུལ་སྐད་ལ་ལར་པོ་ལོ་དང་ཨ་མདོའི་ཡུལ་སྐད་དུ་ལྒང་ལི་ཟེར།

2.ཐགས་འཐག་བྱེད་ཀྱི་སྐུད་པ་རྡོག་པོར་དྲིལ་བའི་མིང་། མིང་བསྡུས་ན་གྲུག་ཅེས་འབྲི་ཆོག་སྟེ།

6. Negi Tibetan-Sanskrit Dictionary

sūtraveṣṭanam mi.ko.27ka; སྐུད་པའི་གོང་བུ་གྲུ་གུ cho.ko.113.

7. Dan Martin Dictionary

1. Turks. yu gur gyi yul, li yul. Nomads 234. 2. a thread ball. 3. some kind of weapon. 4. a place in Khams. Garnknäuel. Kaschewsky2. clan name. Btsan-lha. 5. gru gu'i g.yu 'bigs na zhe la zhog.

8. Ives Waldo Dictionary

1) ball of yarn/ thread; 2) gru gu [N T, Shin Jang, and mtsho sngon sa 'brel khul du chags pa'i rgyal phran zhig]

1) ball of yarn/ thread; 2) gru gu

9. Jim Valby Dictionary

thread ball, yarn in ball, balls of thread or yarn, populations of Turkish origin once living in east Turkestan

Phoneme: