- ID:
- T31887
-
དགའ་ལྡན་ཕོ་བྲང
(Tibetan, Tibetan script, Original)
- > dga' ldan pho brang / (Tibetan, Latin script, Transliteration-THL Extended Wylie Transliteration)
- > ganden podrang (Tibetan, Latin script, Transcription-THL Simplified Tibetan Transcription)
Ganden Palace [in the 9th earth tiger year, sne gdong mi dbang bkra shis grags pa, 'bras spungs rdo khang, the previous Dalai Lama dge 'dun rgya mtso=r offered name was changed to dga' ldan pho brang and on the 11th water horse yr the 5th Dalai Lama gu shri han gyi rgyab skyor 'og in that palace dga' ldan pho brang srid dbang btzugs stabs, giving that name to the former Tibetan secular government.1518...1642]
Further Details- Language:
- English
Subjects
Subjects
government house in lhasa, government of lhasa, name of the traditional Tibetan government
Further Details- Language:
- English
Subjects
[438] རབ་བྱུང་དགུ་པའི་ས་སྟག་ལོར་སྣེ་གདོང་མི་དབང་བཀྲ་ཤིས་གྲགས་པས་འབྲས་སྤུངས་རྡོ་ཁང་སྔོན་མོ་ཏཱ་ལའི་བླ་མ་དགེ་འདུན་རྒྱ་མཚོར་ཕུལ་བའི་མིང་དགའ་ལྡན་ཕོ་[439]བྲང་དུ་བསྒྱུར་བ་ལས་བྱུང་ཞིང་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་གུ་ཤྲི་ཧན་གྱི་རྒྱབ་སྐྱོར་འོག་ཕོ་བྲང་དེའི་ནང་དུ་དགའ་ལྡན་ཕོ་བྲང་ཞེས་པའི་སྲིད་དབང་བཙུགས་སྟབས་སྔར་གྱི་བོད་ས་གནས་སྲིད་གཞུང་ལ་མིང་དེ་བཏགས་པའོ། ... 1518... 1642...
Further Details- Language:
- Tibetan
- Author:
- Andres Montano
Subjects
རབ་བྱུང་དགུ་པའི་ས་སྟག་ལོར་སྣེ་གདོང་མི་དབང་བཀྲ་ཤིས་གྲགས་པས་འབྲས་སྤུངས་རྡོ་ཁང་སྔོན་མོ་ཏཱ་ལའི་བླ་མ་དགེ་འདུན་རྒྱ་མཚོར་ཕུལ་བའི་མིང་དགའ་ལྡན་ཕོ་བྲང་དུ་བསྒྱུར་བ་ལས་བྱུང་ཞིང་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་གུ་ཤྲི་ཧན་གྱི་རྒྱབ་སྐྱོར་འོག་ཕོ་བྲང་དེའི་ནང་དུ་དགའ་ལྡན་ཕོ་བྲང་ཞེས་པའི་སྲིད་དབང་བཙུགས་སྟབས་སྔར་གྱི་བོད་ས་གནས་སྲིད་གཞུང་ལ་མིང་དེ་བཏགས་པའོ། །
Further Details- Language:
- Tibetan
Subjects
དེ་སྔའི་བོད་ས་གནས་སྲིད་གཞུང་གིས་རང་ཉིད་ལ་ཆེ་བསྟོད་བྱས་པའི་མིང་ཡིན། འདི་ནི་སྔར་འབྲས་སྤུངས་སུ་རྡོ་ཁང་སྔོན་མོ་ཟེར་བ་ཞིག་ཡོད་པ་རྗེས་སུ་སྣེའུ་གདོང་དཔོན་རིགས་རྣམས་འབྲས་སྤུངས་སུ་ཡོང་སྐབས་ཀྱི་གནས་ཁང་ཡིན་པས་འབྲས་སྤུངས་དཔོན་ཁང་ཡང་ཟེར་ཞིང༌། ཕག་གྲུ་སྡེ་སྲིད་ཁྲི་རབས་བཅུ་གཅིག་པ་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་གྱིས་སྲིད་དབང་བཟུང་རྗེས། ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་འབྲས་སྤུངས་མཁན་པོ་གནང་སྐབས་རབ་བྱུང་དགུ་པའི་ས་སྟག(༡༥༡༨)ལོར་བཞུགས་གནས་སུ་ཕུལ་ཞིང༌། མིང་ལ་དགའ་ལྡན་ཕོ་བྲང་ཞེས་འདོགས་པར་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ཤུལ་ཕྱག་མཛོད་སྐུ་མདུན་རིན་པོ་ཆེ་ཆོས་བཟང་འཕྲིན་ལས་ཀྱིས་འགན་བླངས་ཤིང༌། སྐྱིད་ཤོད་སྡེ་པ་བཀྲ་ཤིས་རབ་བརྟན་གྱིས་འཆར་འགོད་ཐོག་འུལ་མི་རྡོ་ཤིང་བཅས་ཀྱི་ཞལ་འདེབས་ཕུལ་ཏེ་ཕོ་བྲང་འདི་རྒྱ་བསྐྱེད་གསར་བཞེངས་བྱས་པ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པའི་བཞུགས་གནས་གཙོ་ཆེ་བའི་གྲས་སུ་གྱུར་པ་དང༌། སྐུ་ཕྲེང་ལྔ་པས་བོད་ས་གནས་ཀྱི་སྲིད་དབང་སྐྱོང་བ་གནང་སྐབས་སླར་ཡང་་་་་་་ཉམས་གསོ་རྒྱ་སྐྱེད་ཐོག་སྲིད་གཞུང་གསར་པའི་མིང་ལ་དགའ་ལྡན་ཕོ་བྲང་ཞེས་འདོགས་པ་གནང་བའི་རྒྱུ་མཚན་དེ་ལྟར་ཡིན།
Further Details- Language:
- Tibetan
Subjects
རབ་བྱུང་དགུ་པའི་ས་སྟག་ལོར་སྣེ་གདོང་མི་དབང་བཀྲ་ཤིས་གྲགས་པས་འབྲས་སྤུངས་རྡོ་ཁང་སྔོན་མོ་ཏཱ་ལའི་བླ་མ་དགེ་འདུན་རྒྱ་མཚོར་ཕུལ་བའི་མིང་དགའ་ལྡན་ཕོ་བྲང་དུ་བསྒྱུར་བ་ལས་བྱུང་ཞིང་། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོ་སྟེ་སྤྱི་ལོ་1642 ལོར་༸རྒྱལ་དབང་སྐུ་ཕྲེང་ལྔ་པས་སྲིད་དབང་བཙུགས་སྐབས་བོད་ཀྱི་སྲིད་གཞུང་གི་མིང་དུ་བཏགས།
Further Details- Language:
- Tibetan
Subjects
Other Dictionaries
- Phoneme: