Skip to main content Skip to search
lcags bzo/
ID:
T54742
  • ལྕགས་བཟོ (Tibetan, Tibetan script, Original)
    • >  lcags bzo/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  chakzo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1.

blacksmith [shop]

2.

iron-work

3.

དེང་རབས་འཁྲུལ་ཆས་འཚེམ་པོའི་འཁོར་ལོའི་མིང་།

4.

ལྕགས་བཞུ་བཏུལ་བྱས་ཏེ་དངོས་རིགས་སྣ་ཚོགས་བཟོ་བ་དང་། ཚགས་རྒྱག་པ། ལུགས་སུ་བླུགས་པ། ཕྱེ་མ་བཟོ་བ། ལྕགས་སྐུད་འཐེན་པ། མཉམ་བསྲེས་ཁྲོ་ལྕགས་བཟོ་བ་སོགས་ཀྱི་ལག་རྩལ་ལ་ཟེར། བོད་ཀྱི་ལྕགས་བཟོའི་ལག་རྩལ་ནི་ད་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་ཁག་གི་ནང་འཁོད་པ་ལྟར་ན། སྤྱི་ལོའི་དུས་རབས་དང་པོའི་གཡས་གཡོན་དུ་བོད་རྒྱལ་པོ་གྲི་གུམ་བཙན་པོའི་དུས་སུ་གྲི་བཟོ་བ་ལ་མཁས་པ་ཟིམ་པོ་སྤུན་དགུ་ཟེར་བ་བྱུང་ཞིང་། དེ་ཚོས་བརྡུངས་པའི་གྲི་ལ་དགུ་ཟི་ཟེར་བའི་མིང་ཐོགས་པ་དང་། དེ་དུས་སྨར་ཁམས་སུ་ལྕགས་་ཀྱི་ཁྲབ་བཟོ་བའི་ལག་རྩལ་དར་ནས་གྲི་གུམ་བཙན་པོས་གྱོན་བའི་ཁྲབ་ཀྱང་སྨར་ཁམས་ནས་བླངས་ཞེས་གསལ་ཞིང་། <<ཐང་དེབ་བོད་ཀྱི་ལོ་རྒྱུས>>ཞེས་པའི་ནང་། བོད་ཀྱི་ཁྲབ་ནི་མིག་གཉིས་མ་གཏོགས་ལུས་པོ་ཡོངས་རྫོགས་ཁེབས་ཐུབ་དང་མདའ་གྲི་རྣོན་པོས་ཀྱང་ཆོད་དཀའ་བའི་བཙན་པོ་ཡོད་ཅེས་བཀོད་ཡོད་པ་དང་། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་དམག་དཔོན་བྱས་རྗེས་ཅན་ལ་ལྕགས་ཀྱི་བྱང་བུའི་ཡི་གེ་གནང་བ་བོད་ཀྱི་ལོ་རྒྱུས་མང་པོར་འཁོད་འདུག་ཀྱང<<ཐང་དེབ་བོད་ཀྱི་ལོ་རྒྱུས>>ཟེར་བའི་ནང་འཁོད་དོན་དུ། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་སྲིད་དབང་བཟུང་སྐབས(སྤྱི་ལོའི་དུས་རབས་བརྒྱད་པའི་འགོར)དབྱང་དང་པིས་ཟེར་བའི་ས་ཆར་ཆུ་ཆེན་པོའི་ཐོག་བོད་དམག་གིས་ལྕགས་ཟམ་བཙུགས་ཡོད་པ་དང་། ཏེན་ཁྲི་ཟེར་བའི་མཚོའི་འགྲམ་དུ་ལྕགས་ཀྱི་ཀ་བ་རིང་པོ་ཞིག་བཙུགས་པ་དེའི་ཐོག་སྐབས་དེའི་དམག་དོན་ལོ་རྒྱུས་རྣམས་བོད་ཡིག་བརྐོས་ཡོད་པ་བཅས་གསལ་བ་དེ་ལ་བལྟས་ན་སྤྱི་ལོའི་དུས་རབས་དང་པོའི་ཡས་མས་ནས་བོད་མི་རིགས་ཀྱིས་གྲི་དང་ཁྲབ་བཟོ་བའི་ལག་རྩལ་ཤེས་ཡོད་པ་དང་། དུས་རབས་བརྒྱད་པའི་འགོར་སླེབས་དུས་བོད་མི་རིགས་ཀྱིས་ཆུ་ཆེན་པོའི་ཐོག་ལྕགས་ཟམ་འཛུགས་པའི་ལག་རྩལ་ཤེས་ཟིན་པ་གསལ་པོར་མཐོང་ཐུབ། ལྕགས་ཁྲབ་དང་ལྕགས་ཟམ་བཟོ་རྒྱུ་ནི་སྤྱིར་བཏང་གི་ཐོན་སྐྱེད་ཡོ་བྱད་བཟོ་རྒྱུ་ལས་ཧ་ཅང་དཀའ་ཞིང་། ལག་རྩལ་ཆུ་ཚད་མཐོ་པོ་མེད་ན་བཟོ་མི་ཐུབ་པ་དང་། ལྕགས་ཁྲབ་དང་ལྕགས་ཟམ་བཟོ་ཐུབན་སྤྱིར་ཐང་གི་ཐོན་སྐྱེད་ཡོ་བྱད་བཟོ་ཐུབ་པ་ནི་སྨོས་མི་དགོས། འོན་ཀྱང་སྤྱི་ལོའི་དུས་རབས་དང་པོའི་ཡས་མས་ནས་རྨོན་པ་བརྒྱབ་ནས་ས་ཞིང་འདེབས་ལས་བྱེད་འགོ་བཙུགས་ཏེ། དེ་ནས་བཟུང་ལོ་སྟོང་ཕྲག་གཅིག་ལྷག་ཙམ་གྱི་བར་བོད་ཀྱི་ཞིང་ལས་ཐོག་གཤོལ་ལྕགས་བེད་སྤྱོད་མ་བྱས་པ་དེས་ལྕགས་ཀྱི་ཐོན་སྐྱེད་ཡོ་བྱད་བཟོ་མ་ཤེས་པ་དང་། ལྕགས་བཟོའི་ལག་རྩལ་མཐོ་པོ་མེད་པའི་གསལ་བཤད་བྱེད་མི་ཐུབ་ཅིང་། དུས་ཡུན་རིང་པོའི་ནང་བོད་ཀྱི་ཞིང་ལས་ཐོག་ལྕགས་བཟོའི་ཐོན་རྐྱེད་ཡོ་བྱད་བེད་སྤྱོད་མ་བཏང་བ་ནི་མཁྲེགས་ཤིང(བེར་དོ་ཤིང་སོགས)གིས་བཟོས་པའི་ཐོང་གཤོལ་དེས་ལྕགས་ཀྱི་ཐོང་གཤོལ་དང་འདྲ་བའི་ནུས་པ་ཐོན་ཐུབ་ཀྱི་ཡོད་སྟབས་ལྕགས་ཀྱི་ཐོང་གཤོལ་ལས་མ་གནས་ཆུང་བ་དང་། སྟབས་བདེ་བ། ལྕགས་བཟོ་བ་མེད་ཀྱང་ཤིང་བཟོ་སྤྱིར་བཏང་ཤེས་པ་ཞིག་གིས་ཀྱང་བཟོ་ཐུབ་པ་སོགས་ཀྱི་ཁྱད་ཆོས་མང་པོ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ནས་རབ་བྱུང་བདུན་པའི་ལྕགས་ཕག(༡༤༣༡)ལོར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དགུང་ལོ་བདུན་ཅུ་དོན་གཅིག་ལ་སླེབས་སྐབས། ཁོང་གིས་བཀོད་འདོམས་དང་རྒྱུ་ཆ་འདོན་སྤེལ་གནང་ནས་ལྷ་སའི་མདུན་སྐྱིད་ཆུའི་ལྕགས་ཟམ(དེང་སང་གི་ཟམ་པ་གསར་པ་ཡོད་ས)ཐོག་མར་བཙུགས་པ་ནས་དགུང་ལོ་བརྒྱ་དང་ཉེར་ལྔ་ལ་མ་ཕེབས་བར་སྟོད་ལུང་། ལྷ་རྩེ། ལྷོ་ཁ་འོན། འཕན་པོ་བྲག་རལ། ཤར་གྲུ་ཁ། འབྲི་གུང་ཞུ། ལྕགས་ཟམ་ཆུ་བོ་རི། རྫ་ཆུ་ཁ། འབྲི་ཆུ། ཉང་ཆུ། དར་རྩེ་མདོ་སོགས་དབུས་གཙང་ཁམས་གསུམ་གྱི་ས་ཆར་ཁྱོན་བསྡོམས་ལྕགས་ཟམ་ལྔ་བཅུ་ང་བརྒྱད་བཙུགས་པའི་ཐ་མ་སྐུ་གཤེགས་ཁར་ལྷོ་ཁའི་ཉ་མགོ་གྲུ་ཁའི་ལྕགས་ཟམ་འཛུགས་གནང་མཛད། ལྕགས་ཟམ་རྣམས་ཀྱི་ལྕགས་ཐག་སྦོམ་ཚད་ཕྲུ་གུ་ལོ་བརྒྱད་ལོན་པའི་ལག་ངར་གྱི་ཕྲ་སྦོམ་དང་མཉམཔ་ཤ་སྟག་ཡོད་ལ། ལྕགས་ཟམ་གྱི་བཟོ་པ་སོ་སོའི་མིང་མང་པོ་ཞིག<<ཐང་སྟོང་རྒྱལ་པོའི་རྣམ་ཐར>>ནང་གསལ་བས་ཐམས་ཅད་བོད་རིགས་བཟོ་པ་ཤ་སྟག་ཡིན། པོ་ཏ་ལའི་ཕོ་བྲང་དམར་པོ་གསར་དུ་བཞེངས་སྐབས་བོད་ས་གནས་ཡོངས་ཀྱི་ལྕགས་བཟོ་མཁས་པ་མང་པོ་བསྡུས་པའི་ནང་རིམ་པ་གཉིས་སུ་ཕྱེ་འདུག་པ་སྟེ། རིམ་པ་དང་པོ་དབུ་མཛད(དབོ་ཚང་པ་སོགས)མི་གསུམ། བྱིངས་དང་དཀྱུས་གྲས(གྲ་ཕྱི་ཐོང་དཀར་བ་སོགས)མི་གྲངས་བདུན་ཅུ་དོན་བཞི་ཡོད།

Phoneme: