Skip to main content Skip to search
bkra shis sgo mang /
ID:
T6922
  • བཀྲ་ཤིས་སྒོ་མང (Tibetan, Tibetan script, Original)
    • >  bkra shis sgo mang / (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  trashi gomang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[83] 1༽ མཆོད་རྟེན་བཀྲ་ཤིས་སྒོ་མང། ... 2༽ འབྲས་སྤུངས་སྒོ་མང་གྲྭ་ཚང། ... 3༽ བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་མིང། ...

2. Thupten Phuntsok Dictionary

འདི་ལ་སྐབས་དང་སྦྱར་ནས་གོ་བ་མི་འདྲ་བ་ལེན་དགོས་པ་སྟེ། ༡ འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མིང་ཆ་ཚང་། ༢ ཨ་མདོ་ཀན་སུའུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མིང་གཞན། ༣ བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ནང་གསེས་ཆོས་འཁོར་བསྐོར་བའི་མཆོད་རྟེན་གྱི་མིང་བཅས་གོ་ཚུལ་གསུམ་ཡོད། མཆོད་རྟེན་བཀྲ་ཤིས་སྒོ་མང་ནི། བདེ་གཤེགས་མཆོད་རྟེན་བརྒྱད་ཅེས་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པ་ནས་མྱ་ངན་ལས་འདས་པའི་བར་སྐུ་ཚེ་གཅིག་གི་མཛད་པའི་གཙོ་བོ་བརྒྱད་ལ་དྲན་གསོ་ཞུ་བའི་མཆོད་རྟེན་བརྒྱད (༡ པད་སྤུངས་མཆོད་རྟེན-སྐུ་བལྟམས་པ། ༢ བྱང་ཆུབ་མཆོད་རྟེན-སངས་རྒྱས་པ། ༣ བཀྲ་ཤིས་སྒོ་མང་མཆོད་རྟེན-ཆོས་འཁོར་བསྐོར་བ། ༤ བདུད་འདུལ་མཆོད་རྟེན-ཆོ་འཕྲུལ་བསྟན་པ། ༥ ལྷ་བབས་མཆོད་རྟེན།-ལྷ་ནས་བབས་པ། ༦ དབྱེན་བསྡུམས་མཆོད་རྟེན-དགེ་འདུན་ཕྱོགས་གཉིས་སུ་གྱེས་པའི་དབྱེན་བསྡུམས་པ། ༧ རྣམ་རྒྱལ་མཆོད་རྟེན-སྐུ་ཚེ་བྱིན་གྱིས་བརླབས་པ། ༨ མྱང་འདས་མཆོད་རྟེན-སྐུ་མྱ་ངན་ལས་འདས་པ) ཡོད་པ་ལ་ཆོས་འཁོར་ཐོག་མར་བསྐོར་བར་དྲན་གསོ་ཞུ་ཆེད་ཝ་རཱ་ཎ་སཱིར་དད་པ་ཅན་རྣམས་ཀྱིས་བཞེངས་པ་དེ་ཡིན།

3. dung dkar bod rig pa'i tshig mdzod chen mo

འདི་ལ་སྐབས་དང་སྦྱར་ནས་གོ་བ་མི་འདྲ་བ་ལེན་དགོས་པ་སྟེ། ༡འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མིང་ཆ་ཚང་། ༢ཨ་མདོ་ཀན་སུའུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མིང་གཞན། ༣བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ནང་གསེས་ཆོས་འཁོར་བསྐོར་བའི་མཆོད་རྟེན་གྱི་མིང་བཅས་གོ་ཚུལ་གསུམ་ཡོད། མཆོད་རྟེན་བཀྲ་ཤིས་སྒོ་མང་ནི། བདེ་གཤེགས་མཆོད་རྟེན་བརྒྱད་ཅེས་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པ་ནས་མྱ་ངན་ལས་འདས་པའི་བར་སྐུ་ཚེ་གཅིག་གི་མཛད་པའི་གཙོ་བོ་བརྒྱད་ལ་དྲན་གསོ་ཞུ་བའི་མཆོད་རྟེན་བརྒྱད(༡པད་སྤུངས་མཆོད་རྟེན་སྐུ་བལྟམས་པ། ༢བྱང་ཆུབ་མཆོད་རྟེན་སངས་རྒྱས་པ། ༣བཀྲ་ཤིས་སྒོ་མང་མཆོད་རྟེན་ཆོས་འཁོར་བསྐོར་བ། ༤བདུད་འདུལ་མཆོད་རྟེན་ཆོ་འཕྲུལ་བསྟན་པ། ༥ལྷ་བབས་མཆོད་རྟེན་ལྷ་ནས་བབས་པ། ༦དབྱེན་བསྡུམས་མཆོད་རྟེན་དགེ་འདུན་ཕྱོགས་གཉིས་སུ་གྱེས་པའི་དབྱེན་བསྡུམས་པ། ༧རྣམ་རྒྱལ་མཆོད་རྟེན་སྐུ་ཚེ་བྱིན་གྱིས་བརླབས་པ། ༨མྱང་འདས་མཆོད་རྟེན་སྐུ་མྱ་ངན་ལས་འདས་པ)ཡོད་པ་ལ་ཆོས་འཁོར་ཐོག་མར་བསྐོར་བར་དྲན་གསོ་ཞུ་ཆེད་ཝ་རཱ་ཎ་སྰིར་དད་པ་ཅན་རྣམས་ཀྱིས་བཞེངས་པ་དེ་ཡིན། དེའི་དབྱིབས་ནི་ས་འཛིན་ནས་བད་ཆེན་བར་དང་། བུམ་སྟན་པདྨ་ནས་ཏོག་གི་བར་དུ་མཆོད་རྟེན་གཞན་དག་དང་འདྲ་བ་ལ། རིམ་བཞི་ཡི་དབྱིབས་གྲུ་བཞི། དཀྱིལ་དུ་གློ་འབུར་ཕྱོགས་བཞི་ཀར་ཡོད་པ། གློ་འབུར་དང་གཞོགས་ངོས་ཚང་མར་སྒོ་མང་པོ་ཡོད་པ་དང་། སྒོ་མང་ཤོས་ལ་བརྒྱ་དང་བརྒྱད། འབྲིང་ལ་སྒོ་ལྔ་བཅུ་ང་དྲུགབསྡུས་པར་སྒོ་བཅུ་དྲུག་བཅས་གཏོད་སྲོལ་ཡོད། མཆོད་རྟེན་འདི་ཕྱི་མཆོད་རྟེན་ལ་ནང་ལྷ་ཁང་དུ་ཡོད་པ་བྱས་ན་བཀོད་པ་མཛེས་ཤིང་བརྗིད་ཆགས་པ་ཡོད་སྟབས་རྒྱལ་པོ་སྲོང་བཙན་སྒམ་པོས་ཡང་འདུལ་གྱི་གཙུག་ལག་ཁང་བཞི་དང་། ལྡན་ཡུལ་ཀློང་ཐང་སྒྲོལ་མ་ལྷ་ཁང་བཅས་ལྔ་ནི་ཕྱི་མཆོད་རྟེན་དང་ནང་ལྷ་ཁང་གི་དབྱིབས་ཅན་ཡིན་པར《ནེལ་པ་པཎྜི་ཏའི་ཆོས་འབྱུང》ལས་གསུངས་ཤིང་། བོད་ཀྱི་མཆོད་རྟེན་ཆེན་པོ་བཞིར་གྲགས་པ(༡རྒྱལ་རྩེ་དཔལ་འཁོར་མཆོད་རྟེན། ༢རྒྱང་འབུམ་མོ་ཆེ། ༣ཇོ་ནང་སྐུ་འབུམ་ཆེན་མོ། ༤གྲ་ནང་བྱམས་པ་གླིང་གི་མཆོད་རྟེན་མཐོང་གྲོལ)བཅས་བཞི་ཀ་ཕྱི་མཆོད་རྟེན་བཀྲ་ཤིས་སྒོ་མང་ལ་ནང་ལྷ་ཁང་མང་པོ་ཡོད་པ་ཤ་སྟག་ཡིན།

4. smon lam tshig mdzod chen mo

1.མཆོད་རྟེན་བཀྲ་ཤིས་སྒོ་མང༌།

2.འབྲས་སྤུངས་སྒོ་མང་གྲྭ་ཚང༌།

3.བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་མིང༌།

5. Dan Martin Dictionary

lit., auspicious many-doored. 1. a type of stupa with many apertures, each occupied by a buddha- or bodhisattva-image. 2. a temple shaped externally like such a stupa. MTTP.

6. Rangjung Yeshe Dictionary

1) a certain stupa. 2) a section of Drepung Monastery. 3) the monastery of Tashi Khyil

7. Ives Waldo Dictionary

1) Tashi Gomang Stupa; 2) in འབྲས་སྤུངས་ monastery སྒོ་མང་གྲྭ་ཙང་ monastic college; 3) in Bla brang, bkra shis 'khyil monetary

8. Jim Valby Dictionary

monastery in amdo

Phoneme: