Skip to main content Skip to search
tA la'i bla ma/
ID:
T73207
  • ཏཱ་ལའི་བླ་མ (Tibetan, Tibetan script, Original)
    • >  tA la'i bla ma/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  talé lama (Tibetan, Latin script, Transcription-THL Simplified Tibetan Transcription)

[1023] དོན་དུ་རྒྱ་མཚོ་བླ་མ་ཞེས་བྱ་ཞིང། ཏཱ་ལའི་ཞེས་པ་ནི་སོག་སྐད་ཡིན་པ་དེ་བོད་སྐད་དུ་རྒྱ་མཚོའི་དོན་དུ་འཇུག་མིང་རྒྱལ་རབས་ཀྱི་ཧྲིན་ཙུང་ཁྲི་ལོ་བརྒྱད་པར། མཚོ་སྔོན་གྱི་སོག་པོ་ཨལ་ཐན་རྒྱལ་པོས་བོད་ཀྱི་དགེ་ལུགས་པའི་བླ་མ་བསོད་ནམས་རྒྱ་མཚོར་ཆེ་བསྟོད་ཀྱི་མཚན་གསོལ་བ་ཞིག་ཡིན་ཞིང། རྗེས་སུ་དགེ་འདུན་གྲུབ་དང། དགེ་འདུན་རྒྱ་མཚོ་སོ་སོར་ཡང་ཏཱ་ལའི་བླ་མའི་སྐུ་ཕྲེང་དང་པོ་དང། གཉིས་པའི་མཚན་དེ་གསོལ་ཞིང། ཆིང་ཧྲུན་ཀྲིའི་ཁྲི་ལོ་བཅུ་པར་བློ་བཟང་རྒྱ་མཚོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཞེས་བྱ་བའི་ཆོ་ལོ་བསྩལ་ནས་ད་བར་རིམ་བྱོན་སྐུ་ཕྲེང་བཅུ་བཞི་བྱུང་ཡོད། ...

Subjects

ཏཱ་ལའི་ནི་སོག་སྐད་དེ་རྒྱ་མཚོ་དང་། བླ་མ་ནི་བོད་སྐད་ཡིན། དོན་དུ་བླ་མ་རྒྱ་མཚོ་ཟེར་བའི་དོན་ཡིན། སྤྱི་ལོ༡༥༧༨ལོར་རྒྱལ་བ་བསོད་ནམས་རྒྱལ་མཚོ་སོག་པོ་ཨལ་ཐན་རྒྱལ་པོས་སོག་ཡུལ་དུ་གདན་དྲངས་ནས་གཟིགས་བསྐུར་ཞུས། སོག་ཡུལ་ལ་འཁོར་སློབ་མང་པོར་འཕེལ་ཏེ་བླ་མ་བསོད་ནམས་རྒྱ་མཚོའི་མཚན་སྙན་རྒྱས་ཤིང་སོག་མི་རྣམས་ཀྱིས་བླ་མའི་མཚན་ཕྱེད་མར་སོག་སྐད་དུ་འབོད་ནས་ཏཱ་ལའི་བླ་མ་ཞེས་སྙན་གྲགས་ཁྱབ། བླ་མ་སྐུ་གཤེགས་པ་དང་དེའི་ཡང་སྲིད་ཡང་སོག་པོའི་རིགས་བརྒྱུད་ཅིག་ངོས་འཛིན་པར་ཏཱ་ལའི་བླ་མའི་ཡང་སྲིད་ཡོན་ཏན་རྒྱ་མཚོ་ཞེས་འབོད་སྲོལ་ཆགས། རྗེས་སུ་སྐུ་གོང་མའི་དགེ་འདུན་གྲུབ་དང་། དགེ་འདུན་རྒྱ་མཚོ་རྣམས་ལའང་ཏཱ་ལའི་བླ་མའི་སྐུ་ཕྲེང་དང་པོ་དང་། གཉིས་པའི་མཚན་པར་དེ་ནས་ད་བར་སྐུ་ཕྲེང་བཅུ་བཞི་བྱུང་ཡོད།

Subjects

ཐ་སྙད་འདི་ནི་རབ་བྱུང་བཅུ་བའི་མེ་མོ་གླང་ལོ་སྟེ་སྤྱི་ལོ 1577 ལོར་སོག་པོའི་ཆ་ཧར་རྒྱལ་པོའམ་སོག་རྒྱལ་ཇིང་གིར་གྱི་གདུང་རབས་བཅུ་བདུན་པ་ཨལ་ཐན་ཁཱང་གིས་རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་གདན་འདྲེན་ཞུས་ཏེ་ཐོག་མར་རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ་ཞེས་པའི་མཚན་གསོལ། དེ་ལས་བཛྲ་དྷ་ར་ཞེས་བ་ལེགས་སྦྱར་གྱི་སྐད་ཡིན་ལ། བོད་སྐད་དུ་རྡོ་རྗེ་འཆང་ཞེས་པའི་དོན་ཡིན། ཏཱ་ལའི་ཞེས་པ་སོག་སྐད་ཡིན་ལ། བོད་སྐད་དུ་རྒྱ་མཚོ་ཞེས་པའི་དོན་ཡིན། བོད་ཀྱི་སྐད་དུ་ཆ་ཚང་སྒྱུར་ན་ཐམས་ཅད་མཁྱེན་པ་རྒྱ་མཚོའི་བླ་མ་རྡོ་རྗེ་འཆང་ཞེས་པ་ཡིན། རྒྱལ་བ་བསོད་ནམས་རྒྱ་མཚོས་ཆ་ཧར་རྒྱལ་པོ་ཨལ་ཐན་ཁཱང་ལའང་ཆོས་ཀྱི་རྒྱལ་པོ་ལྷ་ཚངས་པ་ཞེས་པའི་མཚན་ཀུན་ནས་མཛེས་པ་ཞིག་གསོལ། རྒྱལ་བ་བསོད་ནམས་རྒྱ་མཚོ་འདི་བ་ནས་བཟུང་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་འདི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་དངོས་སུ་ཐོབ་པ་ཡིན་པས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་གཟིགས་པར་ཞུའོ༎

Subjects

དོན་དུ་རྒྱ་མཚོ་བླ་མ་ཞེས་བྱ་ཞིང༌། ཏཱ་ལའི་ཞེས་པ་ནི་སོག་སྐད་ཡིན་པ་དེ་བོད་སྐད་དུ་རྒྱ་མཚོའི་དོན་དུ་འཇུག མཚོ་སྔོན་གྱི་སོག་པོ་ཨལ་ཐན་རྒྱལ་པོས་རྒྱལ་དབང་་བསོད་ནམས་རྒྱ་མཚོར་ཆེ་བསྟོད་ཀྱི་མཚན་གསོལ་བ་ཞིག་ཡིན་ཞིང༌། རྗེས་སུ་རྒྱལ་བ་དགེ་འདུན་གྲུབ་དང༌། དགེ་འདུན་རྒྱ་མཚོ་སོ་སོར་ཡང་ཏཱ་ལའི་བླ་མའི་སྐུ་ཕྲེང་དང་པོ་དང༌། གཉིས་པའི་མཚན་དེ་གསོལ་ཞིང༌། ༸རྒྱལ་དབང་སྐུ་ཕྲེང་ལྔ་པས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པ་ནས་ཏཱ་ལའི་བླ་མ་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་གྱུར་ཞིང་། ད་ལྟའི་བར་ཏཱ་ལའི་བླ་མ་སྐུ་ཕྲེང་་བཅུ་བཞི་བྱུང་ཡོད།

Subjects

Other Dictionaries

Other Dictionaries

Phoneme: